[A:༢༨]དཔལ་བཟང་པོས་གསན་ཏེ། དེ་ཉིད་ཀྱིས་བདག་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་གནང་བའོ། །དེ་ཡང་སྣང་གསུམ་ཡན་འདར་དུ་མཛད། དེའི་ལུང་གི་སྐོར་ལ། ཐོག་མར་བླ་མ་གོང་མ་རྣམས་ཀྱི་སྐུ་བསྟོད་གསོལ་འདེབས། ཤེར་སྙིང་འདོན་ཐབས་ཀྱི་ལུང་འཕགས་པས་མཛད་པ། ལམ་འབྲས་ཕྱག་མཆོད། བླ་མ་བརྒྱུད་པའི་རྣམ་ཐར་རྗེ་བཙུན་རྡོ་རིང་པའི་བར་ཚང་མ། གཞན་ཡང་བརྒྱུད་འདེབས་དང༌། ཆོས་སྤྱོད་ཀྱི་རིགས་ཤིན་ཏུ་མང་བ། དེ་ནས་དཔོན་སློབ་ཞ་ལུར་ཕེབས། སྔགས་ལམ་དུས། སེམས་བསྐྱེད། སློབ་མ་རྗེས་འཛིན་ནས་བཟུང༌། ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དབང་བསྐུར་བ། བདག་མེད་ལྷ་མོ་བཅོ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། ཕྱི་ནང་གི་བསྐྱེད་རིམ་ཤིན་ཏུ་རྒྱས་པའི་སེམས་འཛིན། ལམ་ཟབ་བླ་མའི་རྣལ་འབྱོར་ཐུན་མོང་དང་ཐུན་མོང་མ་ཡིན་པ་ནང་གི་བླ་མའི་རྣལ་འབྱོར། གསང་བ་གཉིས་ཀྱི་བྱིན་རླབས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། བླ་མ་རིན་འབྱུང་གི་བྱིན་རླབས་ལུང་སོགས། བདག་མེད་ལྷ་མོ་བཅོ་ལྔའི་སིནྡྷུ་རའི་བྱིན་རླབས། རྣམ་འཇོམས་བིར་ལུགས་ཀྱི་ཚོམ་བུའི་དཀྱིལ་འཁོར་དུ་བྱིན་རླབས་ཚར་གསུམ་ཁུག་པ། བརྡ་ཆིག་བརྒྱུད། ལམ་སྦས་བཤད། གསང་བཅུའི་རྒྱས་གདབ། བསྒྲུབ་པ་ལུང་སྦྱིན་ཡན་ཆོད་ཚང་ལ་ཡོངས་སུ་རྫོགས་པ། དེ་དག་དང་རྗེས་སུ་འབྲེལ་བའི་གསུང་ངག་གླེགས་བམ་སོགས་རྗེ་བཙུན་གོང་མའི་ཡི་གེ །པོ་ཏི་དམར་ཆུང་ཚང་མ། ཆོས་རྗེ་བླ་མ་དམ་པས་མཛད་པའི་པོད་ནག་མ་ཚང་མ། ཕྱག་ལེན་ཀྱང་ཐོས་པར་དཀའ་བའི་ཟབ་གནད། དབང་བསྐུར་བའང་ཚིག་རིགས་ཀྱི་བཤར་སྦྱངས་ཙམ་མ་ཡིན་པར་གདན་གསུམ་ཚང་བའི་སྦྱང་གཞི་སྦྱོད་བྱེད་ངོ་སྤྲད་པས་སྔགས་ཀྱི་སྡོམ་པ་སྐྱེ་