R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༣༤
[A:༣༤]ཞལ་གདམས་སུ་བྱོན་པའི་སྙན་བརྒྱུད་རིན་པོ་ཆེ་རྣམས་ཐོབ་པ་ལས། དང་པོ་བྱིན་རླབས་ཆུ་བོའི་རྒྱུན་དང་འདྲ་བས་བཀའ་མ་ནུབ་པ་ལ་བཀའི་སྐོར། གཉིས་པ་གདམས་ངག་གསེར་འགྱུར་གྱི་རྩི་དང་འདྲ་བའི་སརྒ་མ་ལོག་པ་ལ། རྐྱང་དུ་བསྒྲུབ་པ་དང༌། སྦགས་ཏེ་བསྒྲུབ་པ་གཉིས། དང་པོ་ལ་ཕོ་རྐྱང༌། མོ་རྐྱང༌། འཁོར་རྐྱང་སྟེ་སྒྲུབ་པ་གསུམ། དེའི་དང་པོ་ལ་ཡང༌། བཀའ་སྡོད་ལྟར་སྒྲུབ་པ། གནོད་སྦྱིན་ལྟར་སྒྲུབ་པ། གཤིན་རྗེ་ལྟར་སྒྲུབ་པ་སྟེ་བཞི། གཉིས་པ་ལ་ཕྱི་ནང་གི་དབྱེ་བ་གསུམ། གསུམ་པ་ལ་ཐུན་མོ་དང་ཐུན་མོང་མ་ཡིན་པ་གཉིས་སོ། །སྦགས་ཏེ་སྒྲུབ་པ་ལ་ཡང༌། ཡབ་ཡུམ་སྦགས་ཏེ་སྒྲུབ་པ། ལྕམ་སྲིང་སྦགས་ཏེ་སྒྲུབ་པ། ལྕམ་དྲལ་གཙོ་འཁོར་སྦགས་ཏེ་སྒྲུབ་པའོ། །ཕྱི་མ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་དང་པོ་ནི། ནག་པོ་ཆེན་པོ་ལ་ལྷ་ཆེན་བརྒྱད་ཀྱིས་བསྐོར་བའི་མན་ངག །ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་མན་ངག་སོགས་དང༌། གཉིས་པ་ཐུན་མོང་མ་ཡིན་པའི་ཕྱི་ནང་གསང་བ། ཡང་གསང་དེ་ཁོ་ན་ཉིད་སོགས་རྣམས་དང༌། དེ་སྟོན་བྱེད་ཀྱི་ཡི་གེའི་ཚོགས། མེ་འབར་མའི་སྐོར། སྙན་བརྒྱུད་སྐོར། ཁ་སྐོང་སྐོར། གྱི་ལྗང་སྐོར། འདོད་ཁམས་དུད་སོལ་མའི་སྐོར། གསུམ་པ་རྒྱལ་བས་ལུང་བསྟན་རྗེ་བཙུན་ཨེ་ཝཾ་པ་ནས་བརྒྱུད་དེ་འོངས་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་སྐོར་གསེར་པོད་དུ་གྲགས་པ་དང༌། བཞི་པ་རྫོང་ཆུང་པ་ནས་བརྒྱུད་དེ་འོངས་པའི་མན་ངག་རྣམས་ཀྱང་ཐོབ། མཁས་གྲུབ་མཐུ་སྟོབས་དབང་ཕྱུག་ཉིད་ཀྱི་དྲུང་དུ། དཔལ་གསང་བ་འདུས་པའི་ལེའུ་བཅུ་བདུན་པར། དྲག་པོ་མི་སྡུག་ཁྲོས་པ་ནི། ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །ཕྱག་བཞི་པ་