[A:༥༠]རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བསམ་པས་ཀུན་ནས་བླངས་ཏེ། ལམ་གྱི་སྙིང་པོ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམས་ཏེ། སྙིང་ཁོང་རུས་པའི་གཏིང་ནས་ཉིན་མཚན་ཁོར་ཡུག་ཏུ་གསོལ་བ་འདེབས་པ་དང༌། དབང་བཞི་ལེན་པ། རང་སེམས་གདོད་མའི་རང་བཞིན་ལྟ་བ། རང་བབས་གསུམ་གྱི་སྟེང་དུ་འཇོག་པ། གཞན་གང་ལ་གང་འཚམ་གྱི་ཐུགས་དམ་གྱི་རིམ་པ། དེ་ཉིད་འགྲོ་བའི་དོན་དུ་བསྔོ་བ་ཞིག་བྱེད་བསམ་པ་དང་པོ་ནས་རྒྱུན་མི་འཆད་དུ་མ་གྱུར་པ་ཡོད་ཀྱང༌། རྗེས་སུ་དེ་བཞིན་མ་བྱུང༌། གང་ལྟར་འཕན་ཡུལ་དང༌། སྲང་དང༌། བྱང་སོགས་ན་ཡོད་པའི་བདག་བྱས་པའི་དགོན་པ་དང༌། རི་ཁྲོད་དབེན་པ་རྣམས་སུ་ཁ་ཏོན་གང་འཕེལ་མཚམས་གང་དམ་བྱས་པའི་ཐུགས་དམ་དང༌། རྒྱུན་གྱི་ཉམས་བཞེས་ཀྱང་སྤྲོས་མེད་དང་མ་བྲལ་བའི་ངོས་ནས། དེ་ལ་སྙིང་རྗེས་རྩིས་ཟིན་པའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ངང་ནས་འཆད་རྩོད་རྩོམ་པ་སོགས་ཀྱི་བྱ་བ། སྦྱིན་བདག་གི་སྐུ་རིམ་སོགས་ཀྱང་དེ་གའི་ངང་ནས་བསྐྱེད་རྫོགས་ཀྱི་རིམ་པ་མ་འཁྲུལ་བར་མཛད། སྒོ་ཡབ་གདན་སའི་ཆགས་སྐོར་དུས་ཀྱང་དེ་ལས་མ་གཡོས་པའི་ངང་ནས་སྦྱིན་བདག་སོགས་ལའང་ཡུལ་དང་མཐུན་པའི་གསུང་སྒྲོས་ཐུགས་དམ་ལས་མ་གཡོས་པའི་གཤིས་ཀྱིས་སྒྲིགས་མ་རང་མི་ཡོང༌། གཞན་མི་དང་སེམས་ཅན་གང་གཟིགས་ཀྱང་སྨོན་ལམ་རྣམ་པར་དག་པ་འདེབས་པར་མཛད། ཕྱི་རོལ་གྱི་སྣང་བ་དང་སྒོ་བསྟུན་ནས་རྒྱུན་དུ་ཐུན་གཉིས་ཀྱི་ངེས་པས་དཔལ་ལྡན་ས་སྐྱ་པའི་ཟབ་དོན་ཐམས་ཅད་ཀྱི་སྙིང་པོ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཕྱི་ནང་སྦྲགས་པ། ཚར་ཆེན་རྡོ་རྗེ་འཆང་གཙོ་བོར་བཞུགས་པའི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པ། ཞེན་