[A:༥༡]པ་སྤངས་པ། དབང་བཞི་ལེན་པ་རྣམས་ཐུགས་ཡུལ་དུ་ཆེས་ཆེར་གསལ་བའི་ངེས་ཤེས་མ་སྐྱེས་ཀྱི་བར་དུ་སྒོམ་པར་མཛད། མཐར་ལྟ་བ་བློ་འདས་ཀྱི་ངང་དུ་ཡུན་རིང་པོའི་བར་དུ་མཉམ་པར་འཇོག་པར་མཛད། དེ་བཞིན་དུ་དཔལ་ཀྱེ་རྡོ་རྗེའི་ཕྱི་ནང་གི་བསྐྱེད་རིམ་ཟབ་གསལ་གཉིས་སུ་མེད་པའི་ངང་ནས་ལམ་དུས་ཀྱི་དབང་བཞི་སྦྱང་བཞི་སྦྱོང་བྱེད་ངོ་སྤྲོད་པའི་གསལ་སྣང་མ་སྐྱེས་བར་བཞེས་པའི་མཐར་རྫོགས་རིམ་རླུང་གཏུམ་མོ་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར། ཟུང་འཇུག་ཕྱག་རྒྱ་ཆེན་པོ་རྣམས་ལ་རྒྱུན་ཤིན་ཏུ་རིང་བའི་བར་མཉམ་པར་འཇོག་པར་མཛད། ཡིག་བརྒྱ། ཨུཥྞཱིཥ། ཨཥྟ་ལ་སོགས་པའི་རིགས་སྔགས་ཀྱི་བཟླས་བརྗོད་ཀྱང་རྣམ་གྲངས་མང་དུ་མཛད། རྣལ་འབྱོར་དབང་ཕྱུག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོམ་བཟླས་སྲུང་བ་དང་བཅས་པ་ཤིན་ཏུ་རྒྱས་པ། བདེ་མཆོག །ནཱ་རོ་མཁའ་སྤྱོད་ཀྱི་སྒོམ་བཟླས། གཤེད་དམར་སྤྲོས་མེད། རྡོ་རྗེ་འཇིགས་བྱེད་ཀྱི་འཁྲིད། ནི་གུ །བདེ་མཆོག་སྙན་བརྒྱུད། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྲུང་འཁོར་བྲག་རྫོང་མ་ཕྱི་ནང་གསང་གསུམ་གསང་འཁྲིད་དང་བཅས་པ། ཞིང་སྐྱོང་ཆེན་པོའི་སྐོར། ཡི་དམ་ཆོས་སྐྱོང་ལ་གཏོར་བསྔོས་ཐུན་གཉིས་མ། ཚེས་བཅུ་བཞི། ཉེར་དགུ་སོགས་ལ་བསྐང་གསོ་རྒྱས་པ། ཐོ་རང་གི་ཐུན་ལ་སྲོག་རྩོལ་རྡོ་རྗེའི་བཟླས་པ། བུམ་པ་ཅན། ཚེ་སྒྲུབ་པའི་ཐུན་མོང་མ་ཡིན་པའི་རླུང་སྦྱོར། ཚེ་དཔག་མེད། སྒྲོལ་དཀར། སྒྲ་མི་སྙན་པའི་ཚེ་སྒྲུབ། གཞན་ཡང་ཕྱག་རྡོར་སོགས་ཡི་དམ་མང་པོའི་སྒོམ་བཟླས། དཀར་གཏོར་ཆ་བཞི། ཛམྦྷ་ལའི་ཆུ་སྦྱིན། བརྒྱ་རྩ། དབྱུག་གུ་དྲུག་ཅུ་རྩ་བཞི། ཆ་གསུམ་སོགས་ཆག་མེད་གནང་བའི་ཡི་དམ་