R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༥༢
[A:༥༢]དང་ཆོས་སྐྱོང་གི་བཟླས་པ་རྣམས་ཐུན་གྱི་དུས་ཚང་མ་མ་ཚར་ན། ཕེབས་ཚེ་ཆིབས་ཁ་དང༌། བཞུགས་ཚེ་ཐུགས་ལོང་གང་བྱུང་དུ་གནང་ལགས། དེ་ཡང་བདག་ཉིད་ཆེན་པོ་འདི་ནི་མཚན་མོ་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་ལ་གཡེལ་བ་མི་མངའ་ཞིང༌། མཐོ་དམན་ཐམས་ཅད་ལ་ལྷག་པར་བྱམས་ཤིང༌། སེམས་ཅན་གཞན་ལ་གནོད་པའི་ལས་ཅུང་ཟད་ཀྱང་མི་མཛད། གཞན་ལ་མཐོ་འཚམས་པ་དང༌། ཕྲག་དོག་གི་རྣམ་པའང་ཅུང་ཟད་ཀྱང་མི་མངའ། ཕ་རོལ་གཞན་གྱིས་ཕྲག་དོག་བྱེད་མི་བྱུང་ཀྱང་ཕལ་ཆེར་རྨི་ལམ་སྒྱུ་མ་ལྟ་བུར་དགོངས་པའི་འཛིན་པ་དང་ཡ་ང་བག་ཚ་ཅུང་ཟད་ཀྱང་མི་མཛད། གཞན་གྱིས་གནོད་པ་ཆེན་པོ་བསྐྱལ་ཀྱང་དེ་ལ་གནོད་ལན་གྱི་དགོངས་པ་ཙམ་ཡང་མི་མཛད། རྙེད་བཀུར་དང་ཆེ་ཐབས་ཀྱི་རྩོལ་སྒྲུབ་མི་མཛད། ཐུགས་དམ་ལས་མ་གཡོས་ཀྱང་སྒོ་ཡབ་ཀྱི་མེ་ཏོག་སོགས་ཐུགས་གཡེང་ཆེ་བའི་དུས་བླ་མ་གོང་མའི་ཕྱག་སྲོལ་དུ་འདུག་པས་གཅོག་ནི་མི་བདེ་འདུག་གསུང༌། གཞན་སུན་སྣང་ཆེ་བ་ཙམ་མཛད། ཐུགས་དམ་གྱི་ཤུགས་ཀྱིས་མི་མང་པོའི་དཀྱིལ་ཁྱད་པར་གྲིབ་ཅན་གྱི་ས་སོགས་ལ་ཕེབས་ཀྱང་སྐུ་གྲིབ་དང༌། གསུང་འཆམ། འགོ་ནད་ཚན་ཆེན་སོགས་གང་ཡང་མི་ཡོང༌། དམ་ཚིག་མི་གཙང་བའི་མིའི་ཟ་མ་གསོལ་བ་དང་འཕྲད་པ་སོགས་བྱུང་ན། སྐུ་བསྙེལ་བ་དང༌། རྨུགས་པ་སོགས་ཡོང༌། གཞན་གང་གིས་ཀྱང་སྐྱོན་མེད། མནལ་ཀྱང་སྲོད་ལ་སྲབ་པོ་མ་བྲི་ཙམ་བྱུང་ན་མཛད། མ་བྱུང་ན་སྲོད་ཁྱེར་ནས་མནལ་ཀྱང་གཏན་ནས་མི་ཡོང་ཞིང༌། བསྐྱེད་རྫོགས་བཟླས་པ་དང་བཅས་པ་དང༌། ཁྱད་པར་འོད་གསལ་ཁོ་ནར་བཞུགས་པ་མ་གཏོགས་དྲན་