R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༥༤
[A:༥༤]ལྡན་ས་སྐྱ་པ་ལ་ངན་སྨྲས་ཀྱི་སྒོ་ནས་སྐུར་བ་ཞུ་པ་ལ་ཡང་བསྟན་པ་ལ་ཕན་པས་ཀུན་ནས་བླངས་ཏེ། དེ་ལན་ཤིན་ཏུ་བཟང་བ་འཇལ་བ་ཙམ་གནང་བས། སེང་གེའི་ང་རོས་ཝ་ཚོགས་ཟིལ་གྱིས་ནོན་པ་བཞིན་གྱུར། མཁས་མཁས་མ་མཛད་པར་དྲང་པོར་མཛད་པ་སོགས་ཤིན་ཏུ་མང་ཡང་ཡི་གེ་མངས་པའི་འཇིགས་པས་མ་བྲིས། རྩོམ་པའི་ཆ། རྩོམ་པ་ལྷུར་ལེན་པ་མི་མཛད། ངེད་རང་གིས་ཀྱང་རྩོམ་པ་བྱས་ན་ལས་སླ་མོད་དེ། བླ་མ་གོང་མའི་ཡིག་ཆ་བྱིན་རླབས་ཆེ་བ་འདི་པ་ལ་གནོད་པ་དང༌། རྗེས་འཇུག་རྣམས་ཀྱང་སྐྱོང་དཀའ་སིལ་པོ་མང་བ་ལས་མེད་གསུང༌། སྙིགས་དུས་ཀྱི་གདུལ་བྱ་རྣམས་ཀྱིས་སྙན་བརྒྱུད་འཛིན་པར་མ་ནུས་པར་ནུབ་དོགས་མི་མཛད་ཀ་མེད་ཁ་རེ་དང༌། དམག་ཟོར་རྒྱལ་མོའི་བསྐང་གསོ་དང༌། རིན་པོ་ཆེ་ཆེ་བྲག་པའི་རྣམ་ཐར་སོགས་ངོ་མཚར་ཤིན་ཏུ་ཆེ་བ་ཡང་ཁ་རེ་ཡོད། དོན་ལ་སྔ་མོའི་དུས་ཀྱི་གང་དང་ཅི་ཡིན་པའི་ཟབ་གནད་སོགས་མེད་དུ་མི་རུང་བ་རྣམས་ཀྱིས་གཙོས་པ་རྣམས། མཉེལ་མི་འགྲོ་བར་ཁྲ་ལམ་ལམ་བཞུགས་པ་སོགས་ཡོད་པས། རྗེ་འདི་ཉིད་ཀྱི་མཁྱེན་རབ་ལ་སུས་ཀྱང་ཚད་གཟུང་མི་ནུས་སོ། །ཡང་འདི་སྐད་དོ། །སྨིན་བྱེད་དབང་གི་རྒྱ་མཚོར་ལེགས་ཞུགས་ནས། །དམ་ཚིག་སྡོམ་པའི་གྲུ་ཆེན་ཟག་ལྷན་ཅན། །གྲོལ་བྱེད་རིམ་གཉིས་ནོར་བུའི་གླིང་ལ་སྤྱོད། །རང་གཞན་ཆོས་ཀྱི་དབུལ་བ་སེལ་དེར་འདུད། །བསྐྱེད་རིམ་གཞལ་མེད་ཡིད་བཞིན་དབང་གི་རྒྱལ། །ཐ་མལ་མ་དག་སྣང་བར་རབ་སྦྱངས་ནས། །དག་སྣང་ལྷ་ཡི་རྣམ་པའི་གཟི་འབར་བ། །རྡོ་རྗེ་གསུམ་གྱི་རང་བཞིན་ཁམས་དེར་འདུད། །ཅེས་པ་སྟེ། དེ་ཡང་བདག་ཉིད་ཆེན་པོ་འདིས། དཔལ་ཀྱེ་རྡོ་རྗེ། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་དམར་པོ། །རྡོ་རྗེ་འཇིགས་