R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༥༥
[A:༥༥]བྱེད། ཡང་གསང༌། དཔལ་འཁོར་ལོ་བདེ་མཆོག་ལ་སོགས་པའི་ཐུགས་དམ་གང་མཛད་ཀྱང་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་དབང་གིས་ཐུགས་སྣང་དག་པ་རབ་འབྱམས་འབའ་ཞིག་ལྷའི་འཁོར་ལོར་འཆར་ཏེ། རིགས་མེད་སྒྱུ་འཕྲུལ་གྱི་བཀོད་པ་མཐའ་ཡས་པའི་སྣང་བརྙན་སྔོན་དུ་འགྱུར་རྒྱུའི་སྐུ་གཟུགས་དབང་པོའི་གཞུ་ལྟར་བཀྲ་བའམ། མེ་ལོང་ནང་གི་གཟུགས་བརྙན་ལྟར་དངས་ཤིང་གསལ་ལ་རྙོག་པ་མེད་པ། སྒྲིབ་ཐོགས་ཐམས་ཅད་དང་བྲལ་ཞིང༌། སྐྱོན་ཡོན་གྱི་མཚན་མ་མཐའ་དག་གིས་དབེན་པ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་དང༌། རང་བྱུང་ལྷན་ཅིག་སྐྱེས་པའི་རང་གདངས་འགག་པ་མེད་པའི་རང་རྩལ་སྒྲ་གདངས་ཀྱི་སྣང་ཆ་རྣམ་པ་ཐམས་ཅད་པར་འཆར་བའི་གསུང༌། རྡོ་རྗེའི་ཡི་གེ་གདོད་མ་ནས་ཀྱིས་བཞུགས་ཚུལ། རང་རིག་རྩལ་སྐད་གདངས་སམ། ཡིག་འབྲུའི་སྣང་ཆ་འགག་པ་མེད་པར་རྒྱུན་མི་འཆད་དུ་འཆར་བའི་གསུང་དབྱངས་ཡན་ལག་དྲུག་ཅུ་མངོན་དུ་འགྱུར་རྒྱུའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་དང༌། རང་བྱུང་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ། སྣང་བ་དང༌། སྟོང་པ་གཟུང་བ་དང་འཛིན་པ་ལ་སོགས་པ་མདོར་ན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་ཞིང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ནམ་མཁའ་གཡའ་དག་པ་ལྟ་བུ། དེ་ཡང་ཅི་མེད་ཅང་མེད་ཀྱི་བྱང་ཆད་དུ་མ་སོང་བའི་སྟོང་ཉིད་ཀྱི་རང་རྩལ་སྣང་བརྙན་གྱི་བཀོད་པ་ཟད་མི་ཤེས་པའི་ཡེ་ཤེས་ཀྱི་རང་སྣང༌། གདངས་འགགས་མེད་དུ་འཆར་བས་གསལ་བ། དེ་ཡང་གཉིས་