R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༦༣
[A:༦༣]ལམ་དང༌། །དྲན་པ་ཡེངས་པ་མེད་པ་དང༌། །བསོད་ནམས་ཚོགས་གསོག་དག་ལ་འབད། །དེ་ལ་བྱ་བྲལ་བཟང་པོ་ཟེར། །རང་གཞན་དོན་ནི་འགྲུབ་པར་ངེས། །ཞེས་ཀྱང་སྨྲས་སོ། །ཡང་སྒོ་ཡབ་ཀྱི་གདན་ས་སོགས་བཞག །ཐུགས་དམ་རྩེ་གཅིག་ཏུ་མཛད་དགོས་དགོངས་པ་ལ། བྱམས་པ་མདུ་གྲོང་པ་ཟེར་བའི་གྲྭ་པ་ཞིག་ཡོད་པ་ལ། མཁར་རྩེ་ནས་སྡེ་པ་འཇིགས་བྱེད་རྒྱལ་པོས། །རིན་པོ་ཆེ་སྐུ་མཚམས་གནང་རྒྱུ་ཡིན་འདུག་པ་དེས་ན་ངེད་ཀྱི་རྫོང་འདིར་སྐུ་མཚམས་གནང་ན་བཞུགས་ས་འགོལ་པོ་ཞུས་ཆོག་པས་བཞུགས་དགོས་གསུངས་པ་ལ། སྡེ་པ་འདི་ཉིད་འགྱུར་ལྡོག་ཆུང་ཞིང་བརྟན་པ་ཞིག་འདུག །དེ་སྐད་གསུང་བ་བཀའ་དྲིན་ཆེ་ཞིང༌། རྗེས་སུ་ཡི་རང་སྨོན་ལམ་གྱི་འབྲེལ་པ་ཞུ། གཟིམས་ཁང་སྤྲོ་ཞིང་དབེན་ཆོད་ཀྱང༌། །གང་གིས་ཀྱང་བསམ་གཏན་ལ་གཙེར་བ་མེད་པའི་སྒོ་གསུམ་དབེན་པ་ལ་གནས་པ་ལ། རི་ཁྲོད་ཅིག་རང་གལ་ཆེ་བ་འདུག་བསམ། དེའི་ལན་དུ་དབེན་པ་ལ་དགའ་བ་འདི་སྐད་དོ། །དྲུག་པ་རྡོ་རྗེ་འཆང་ཆེན་དེ། །མི་ཡི་གཟུགས་སུ་སྐུ་སྤྲུལ་པ། །མཚན་ཡོངས་སུ་གྲགས་པའི་ཚར་པ་རྗེ། །དུས་དེང་ནས་བྱང་ཆུབ་མ་ཐོབ་པར། །མི་ཁོ་བོའི་གཙུག་གི་རྒྱན་དུ་བཞུགས། །བདག་འདུ་འཛིའི་གཡེང་བ་ཀུན་སྤངས་ནས། །ཆོས་བརྒྱད་ཀྱི་དྲི་མས་མ་གོས་པར། །དབེན་པའི་རི་ཁྲོད་དམ་པ་རུ། །གནས་པར་བྱིན་གྱིས་རློབ་ཏུ་གསོལ། །མི་འགྱུར་རྡོ་རྗེ་བྲག་རིའི་སྟེང༌། །དགྲ་ལས་རྣམ་རྒྱལ་རྡོ་རྗེའི་རྫོང༌། །ཁང་བཟང་ལྟ་བས་ཆོག་མི་ཤེས། །ལོངས་སྤྱོད་རྣམ་ཐོས་བུ་དང་མཚུངས། །དེ་འདྲའི་མཁར་རྩེའི་ཡང་རྫོང་དུ། །བསྡད་ན་རང་སྐྱིད་མི་ཡིས་སྨོན། །ཟས་གོས་ལོངས་སྤྱོད་ལྷུན་གྲུབ་ཀྱང༌། །རྣལ་འབྱོར་བསམ་གཏན་བསྒོམ་པའི་གནས། །རྒྱལ་བ་