[A:༦༥]སྒྲ་རྒྱུན་བཅད། །མཆུ་སྒྲོས་གཡོ་མེད་ལྷ་སྐུ་བཞིན། །མི་རྟག་འཆི་བས་རབ་བསྐུལ་ནས། །ཡུད་ཙམ་སྡོད་པའི་ལོང་མེད་པར། །མ་གྱུར་འགྲོ་བའི་ཁུར་ཁྱེར་ནས། །བདག་ནི་བླ་མེད་བྱང་ཆུབ་སྒྲུབ། །རྒྱུད་སྡེ་ཀུན་གྱི་ཡང་སྙིང་མཆོག །རྒྱ་བོད་མཁས་གྲུབ་བགྲོད་པའི་ལམ། །རྩོད་པ་ཀུན་དང་བྲལ་བའི་མཆོག །བིརྺའི་ཐུགས་བཅུད་ལམ་འབྲས་དང༌། །མར་པའི་ཐུགས་བཅུད་སྙན་བརྒྱུད་ཆེ། །ཟབ་ཆོས་ནི་གུ་ཆོས་དྲུག་བཅས། །དམ་ཆོས་སྡུག་བསྔལ་ཞི་བྱེད་དེ། །འདི་བཞི་རྣལ་འབྱོར་ཉམས་ལེན་ཡིན། །ཁྱད་པར་གསུང་ངག་ལམ་འབྲས་འདི། །བསྟན་པ་ལུས་རྫོགས་གདམས་པ་ཡིན། །ལམ་གྱི་སྙིང་པོ་བླ་མའི་ལམ། །སྐྱབས་གནས་ཀུན་འདུས་བླ་མ་རྗེ། །འགྲན་ཟླ་ཀུན་དང་བྲལ་བ་དེ། །རྗེ་བཙུན་ཚར་པ་ཆེན་པོ་ཡིན། །གདན་གསུམ་ཚང་བའི་ཧེ་རུ་ཀ །མགོན་དེའི་ཞབས་པད་གཙུག་གིས་བསྟེན། །ལུས་སྲོག་ལོངས་སྤྱོད་མ་ལུས་པ། །ཅིག་ཅར་ཕུལ་ནས་དད་པ་ཡི། །ཉིན་མཚན་ཀུན་ཏུ་གསོལ་བ་འདེབས། །དབང་བཞིའི་ཆུ་བོས་སྒྲིབ་སྦྱངས་ཏེ། །གདོད་མའི་ལྷན་སྐྱེས་བླ་མ་དེ། །རྗེན་པར་མཐོང་བ་ཨ་ལ་ལ། །རང་ངོ་ཤེས་པ་ངོ་མཚར་ཆེ། །བླ་མ་སངས་རྒྱས་དངོས་དང་མཇལ། །བླ་མ་སངས་རྒྱས་བསྒྲུབ་མ་དགོས། །སྙན་བརྒྱུད་དམར་འཁྲིད་ཉམས་འཁྲིད་ཐོབ། །ཐེ་ཚོམ་དོགས་གཅོད་བྱ་མི་དགོས། །ཐོབ་ཐོབ་དམ་ཆོས་མང་ན་ཡང༌། །མགོ་གཞུག་ཚང་བ་རེ་རེ་ཙམ། །ལུས་མེད་བུམ་པ་གང་བྱོར་ཐོབ། །དགའ་ཡོ་སྐྱིད་དོ་འདིར་བཞུགས་རྣམས། །བཀྲ་ཤིས་དགའ་སྟོན་མངའ་གསོལ་ལོ། །བླ་མ་བཟང་པོའི་བཀྲ་ཤིས་ཤོག །བརྒྱུད་པ་བཞི་ཡིས་བཀྲ་ཤིས་ཤོག །ས་སྐྱ་མར་མི་ནི་