R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༧༣
[A:༧༣]ལོ་ཤས་དེ་རུ་བསྡད། །སྡིག་ཅན་གྱི་དགྲ་བོ་མ་རུངས་འདིས། །དེ་རུ་ཡང་བར་ཆད་སྣ་ཚོགས་བྱས། །ཁྱད་པར་དཔལ་སྡིངས་ཀྱི་དགོན་པ་རུ། །དགེ་སྦྱོར་གང་འཕེལ་གྱི་མཚམས་བཅད་དེ། །མཁའ་མཉམས་སེམས་ཅན་ཐམས་ཅད་ཀྱི། །དོན་དུ་བྱང་ཆུབ་སེམས་བསྐྱེད་ནས། །རིམ་གཉིས་ཀྱི་ཏིང་འཛིན་ཟབ་མོ་དང༌། །ཁྱད་པར་ལམ་ཟབ་བླ་མ་ཡི། །རྣལ་འབྱོར་རྩེ་གཅིག་སྒོམ་དུས་སུ། །གདུག་ཅན་གྱི་མ་རུངས་དགྲ་བོ་འདིས། །ཁོ་རང་བློ་ངན་པས་རྒྱུད་དཀྲུགས་ནས། །རང་གི་སྔར་བྱས་ཀྱི་བྱ་བ་དྲན། །མིང་ཡང་བླ་མ་བཟང་བ་དང༌། །ཁྱད་པར་ཚར་ཆེན་རྡོ་རྗེ་འཆང༌། །མཐུ་སྟོབས་ཀྱི་ནུས་པ་ཆེ་བ་ནས། །རྗེ་དེ་ཡི་སྙན་བརྒྱུད་གདམས་པ་རྣམས། །མི་ང་ལ་གནང་བ་ཤེས་པ་ནས། །ཁོ་ལ་མངོན་སྤྱོད་དྲག་པོ་ཡི། །ལས་སྦྱོར་བྱེད་ཀྱིན་ཡོད་བསམས་ནས། །གནས་དེ་རུ་ཉ་མགོ་གནོན་མི་བཏང༌། །གནས་ཨེ་ཝཾ་ཆོས་ལྡན་གྱི་ཁྲི་ཐོག་ན། །སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཡིས། །རྗེ་རྡོ་རྗེ་འཆང་ཆེན་གྱི་དབོན་ཆེན་པ། །མཁས་བཙུན་གྱི་བླ་མ་སངས་རྒྱས་ཀྱི་མཚན། །འཇིགས་མེད་ཀྱི་སེང་གེ་དེ་ན་བཞུགས། །རྗེ་བཙུན་ངོར་ཆེན་སངས་རྒྱས་སེང་གེ་བས་གསན། །ལོ་རྒྱུས་རྣམས་ཞིབ་པར་བརྩེ་བ་ཆེན་པོས་གནང༌། །བདག་གིས་ཀྱང་ནུས་གང་ཐོན་བྱེད་པའི་བབ་ཐོབ་ཡོད་ཀྱང༌། གནོད་པ་ཅི་ཡང་མ་བྱས་ཕ་སྤུན་དེ་ཙམ་མེད་པ་བྱས་རྗེས། རང་གི་སྔོན་ལས་སུ་བསམས་སྙོམས་ཆུང་བྱས་པ་ལ། འདི་ཙམ་རང་བྱེད་པ་བསམས་ཏེ། འདར་དུ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་ཕྱིན། བྱུང་ལུགས་ཀྱི་རྒྱུ་མཚན་རྣམས་ཞུས་པས་ཐུགས་ཤིན་ཏུ་ཁྲོས། ཞལ་མདངས་དམར་པོར་འགྱུར། ད་འདི་འདྲ་རང་བྱེད་རྒྱུ་ཡིན་པ་ན། ཡང་ན་མཉམ་གཞག་ལས་མ་གཡོས་པའི་ཐུགས་དམ་རྩེ་