[A:༧༤]གཅིག་ཏུ་བྱེད་པ་དགོས། ཡང་ན་འཕྲེང་བ་གཉིས་གསུམ་གྱི་མིག་བོལ་བའི་དྲག་སྔགས་ཀྱི་ནུས་པ་ཐོན་པ་དགོས། སྔར་ཕན་ཆད་བཀའ་རྒྱ་གདམས་པ་ཡིན། ད་ནི་བཀའ་རྒྱ་མི་འགྲོལ་ཀ་མེད་ཡིན་འདུག་གསུང༌། ཨེ་ཝཾ་ཆོས་ལྡན་དུ་སོང༌། དེ་རུ་མངོན་སྤྱོད་ཀྱི་ལས་རྩོམས་ཤིག་གསུང༌། ངས་ཀྱང་གཡག་གུ་དང་བྱང་ཚྭའི་དཔེ་བྱེད་བསམ་སྡུག་ཐུག །ལས་སྦྱོར་བྱས་པས་ཟླ་བ་ཕྱེད་ལ་རྟགས་མཚན་རྫོགས་ཏེ། ཁོ་ལོ་རུ་མ་འགོར་བ་ངེད་ཚོལ་ཇི་ལྟར་བྱུང་བ་བཞིན་ཁོ་རང་གི་ཐོག་ཏུ་བྱུང༌། བླ་མ་དང་ཆོས་སྐྱོང་ལ་གཏང་རག་བཏང༌། །སྙན་བརྒྱུད་གསུམ་པའི་ངེས་ཤེས་སྐྱེས། །ཁོ་ལ་ཡང་སྙིང་རྗེ་དྲག་པོ་དཔག་མེད་སྐྱེས། །མངོན་དུ་ཆོས་དབྱིངས་ཀྱི་ངང་དུ་བསྲེས་པ་དང༌། །ད་ལན་ཡང་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་བྱས། །བླ་མ་དམ་པའི་ཐུགས་དང་བསྲེས་ནས་བཞག །ཁོ་རང་ཡང་སྐལ་བར་ལྡན་ནོ་སྙམ། །ལས་ནག་རྣམ་སྨིན་དཀར་རོ་སྙམ། །སངས་རྒྱས་ཀྱི་གོ་འཕང་ཐོབ་བོ་སྙམ། །དེ་གལ་ཏེ་མ་ཐོབ་བར་དུ་ཡང༌། །སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ། །ཁོ་བོས་རྗེས་སུ་འཛིན་ནོ་སྙམ། །མི་ང་རང་ངན་ཀྱང་བླ་མ་བཟང༌། །ཡང་རྗེ་བཙུན་དམ་པ་འདི་ཉིད་འཕན་ཡུལ་ལྷུན་གྲུབ་སྡིངས་ན། ནང་སོའི་སྐུ་རིམ་གཏོར་ཟློག་ཅིག་གནང་བའི་དུས་ནུབ་གཅིག་པུ་ཏྲ་བྱུང་ནས་མཐུ་བ་ནས་ཁྱེའུ་གཞོན་ནུ་ཞིག་གི་མགོ་མིག་ཧྲིག་ཧྲིག་བྱེད་པ་ཞིག་འདུག་ནས། འདི་ཡང་ཁོའི་ཡིན་ཟེར་ནས་སྐྱུར་སོང་བས། ཁྲག་ཞལ་བའི་ཁ་ན་མར་ནར་ར་ར་འཛག་གིན་འདུག །དེའི་རྗེས་སུ་ཞག་གྲངས་བརྩིས་པས། ཞག་བདུན་ནས་ཁོང་ཚོའི་བུ་གཞོན་ནུ་ཞིག་ཤི་འདུག །རྗེས་སུ་ཆོས་སྐྱོང་ལ་འཕྲིན་ལས་མ་བཅོལ་ཀྱང་བླ་མ་དང༌། གདམས་