R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༩༢
[A:༩༢] རྗེ་མཚན་ལྡན་བླ་མ་དམ་པ་ལ། །ལུས་ལོངས་སྤྱོད་ཕུལ་ནས་གསོལ་བཏབ་པས། །ཕ་ཐུགས་རྗེའི་བྱིན་རླབས་སྙིང་ལ་ཐིམ། །སེམས་མདུད་པ་གྲོལ་བས་སྐྱིད་པ་ལ། །ང་ན་ན་ན་བས་དགའ་བ་ཡིན། །སྔོན་བསགས་ཀྱི་སྡིག་སྒྲིབ་འདག་པ་ལ། །ལུས་ན་ཚ་མཆོག་ཏུ་གྱུར་པ་ཡིན། །ང་བདེ་ན་བདེ་བས་དགའ་བ་ཡིན། །རིམ་གཉིས་ཀྱི་རྣལ་འབྱོར་ཅི་བྱས་འཕེལ། །ང་ཤི་ན་ཤི་བས་དགའ་བ་ཡིན། །ང་འདི་ལས་འགྲོ་དོན་གཞན་ན་བཟང༌། །ང་གང་ལྟར་བྱས་ཀྱང་བདེ་བ་ལ། །གང་ལྟར་བྱས་ཀྱང་སྐྱིད་པ་ལ། །ཞེས་བརྗོད་དེ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་མཉམ་པར་བཞག །སྐབས་སྐབས་སུ་བདག་གཞན་བརྗེ་བའི་དམིགས་པ་རེ་བསྒོམས་པས། ན་ཚ་རྣམས་སྤྲིན་དང་རླུང་དམར་ཞི་བའམ། རྨི་ལམ་སྒྱུ་མ་ལྟར་ཡལ་ནས་ཐུགས་དམ་ལ་བོགས་ཆེན་པོ་ཐོན། དེ་ཡང་རྗེ་བཙུན་བླ་མའི་ཐུགས་རྗེ་ལགས། ཡང་ལོར་གྲྭ་པ་ཞིག་གི་སྲིང་མོ་ལ་གདོན་ཤིན་ཏུ་འཇིགས་པ་ཞིག་གནོད་པ་ལ། མཆོད་ཁང་དུ་ཁྲིད་པ། བླ་མ་གང་བཟང་ལ་བྱིན་རླབས་ཞུས། དགེ་འདུན་ཚོགས་ལ་ཕེབས་པའི་ཞབས་འོག་ལ་འདྲེན་པ་སོགས་བྱས་ཀྱང་མ་ཕན་པ་ལ་རྗེ་ཉིད་ཀྱིས་ཞལ་ཆབ་གནང་བས་སང་ཕན། གྲྭ་པ་རྣམས་ཀྱི་བྱིན་རླབས་ཡོད་སར་ཞུས་ན་དེ་འདྲ་ཡོང་ཟེར། ཡང་གད་ཁ་སར། གདོན་ཤིན་ཏུ་འཇིགས་པ་ཞིག་གནོད་པའི་འཚུབ་འགྱུར་ཆེ་བ་ཡོད་པ་ལ་རྗེ་འདི་ཉིད་ཕེབས་པ་ཙམ་གྱིས་གདོན་འཁོར་མ་ནུས་ཤིང༌། ཁོང་པ་ཚང་དད་ཐོབ་ཀྱི་སྦྱིན་བདག་ཏུ་གྱུར། གྲུབ་པའི་ཆ་ཡང༌། གད་ཁ་སར་གཟིམས་ཁང་ལྷའི་གཞལ་ཡས་ཁང་འདྲ་བའི་ཀ་དྲུག་མ་ཞིག་དུ་བཞུགས་ཏེ། རྗེ་འདི་ཉིད་ཀྱིས་རྟེན་གསུམ་