R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༩༤
[A:༩༤]པས། སྟག་རྩེའི་འཕྲང་ལ་ཀོང་པོ་ཐོག་ཅིག་གིས་བསྒུགས་པས། ཡས་ནས་ཕེབས་པ་མཐོང་ཀྱང་འཁྲིས་སུ་མ་མཐོང་ཟེར། རྗེས་སོར་རྩད་བཅད་པས་ངེད་དཔོན་སློབ་ཡིན་པར་ཤེས་ཏེ་ཤིན་ཏུ་དད་པར་གྱུར། ཡང་སྐབས་ཤིག་ལོ་ན་བཞུགས་དུས་བདག་ལ་བཀའ་སྐྱོན་པའི་ཚུལ་གྱིས་ཐུགས་འགྱུར་རྒྱུ་བའི་རྣམ་པར་མཛད་ནས། ཞལ་དཀར་ལེགས་པ་ཞིག་གསོལ་ཇས་བཀང་བ་བརྒྱག་པ་གནང་བས་ཕར་ལོགས་ཀྱི་གྱང་ལ་འཕོག་པས། གྱང་ལ་སྐྱོན་བྱུང་ཡང་ཞལ་དཀར་ལ་སྤུ་གས་ཙམ་ཡང་མ་བྱུང༌། ལྷུན་གྲུབ་སྡིངས་སུ་ནང་སོ་ཀུན་བཟང་པ་ཐུགས་དད་ཤིན་ཏུ་ཆེ་བ་ཞིག་གཤེགས་དུས། འཕོ་བ་གནང་བས་ནམ་མཁའ་ཤིན་ཏུ་དངས་པ་དང༌། མེ་ཏོག་གི་ཆར་འབབ་པ་དེར་ཡོད་པའི་སྐྱེ་བོ་རྣམས་ཀྱིས་མཐོང་ཞིང་དད་པར་གྱུར། རག་མར་ཆགས་སྐོར་ལ་ཕེབས་དུས། ཆུ་ཁ་ཞེང་ཆེ་སེ་བ་དོང་པུས་ནུབ་ཙམ་ཡོད་པ་ཞིག་གི་དཀྱིལ་དུ་ཆིབས་པ་འགྱེལ་བས། ཕྱག་གཡོག་པ་རྣམས་ཀྱིས་བསམ་པར་ན་བཟའ་ཚང་མ་བངས་བསམས་ཏེ། རང་རང་གིས་ཆུ་ལ་མགྱོགས་པར་མ་ཐར་བར་ཐེ་ཚོམ་དུ་ལུས་པ་ལས། རིན་པོ་ཆེ་ན་བཟའ་ཞབས་ལྷམ་སོགས་གང་ཡང་ཅུང་ཟད་ཀྱང་མ་བངས་པར་ཆུ་ཕ་རིར་ཕེབས་འདུག །ཕྱག་གཡོག་རྣམས་ཀྱིས་དེ་རིང་གྲུབ་རྟགས་གནང་བྱུང་ཞུས། ཡང་སྒོ་མོའི་འོག་ཏུ་གྲོག་པོ་ཞིག་ལ་ཆིབས་པ་འགྱེལ་བས། ཆིབས་པ་གྲོག་གཏིང་དུ་འགྱེལ་སོང་ཀྱང༌། རྗེ་འདི་ཉིད་ཕྱག་གཡོག་རྣམས་ཀྱིས་ཕེབས་པ་མ་མཐོང་བ་ལ་གྲོག་ཁ་ཕ་རིར་ཕེབས་འདུག །དེས་མཚོན་པའི་གཞན་ཡང་མང་པོ་ཡོད་ལགས། རྗེ་འདི་ཉིད་དང༌། སྐྱེད་ཚལ་ནས་རིན་པོ་ཆེ་རིན་ཆེན་བཀྲ་