R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༣༩
[A:༡༣༩]རྒྱལ་སྲིད་ལེགས་པར་བསྐྱངས་ཏེ། བསྟན་པའི་སྦྱིན་བདག་ཆེན་པོའི་དགོངས་བཞེད་དང་མཐུན་པར་ཆོས་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དུས་ཀྱི་མཆོད་པ་ཆེན་པོ་འཛུགས་པར་དགོངས་ཏེ། རྗེ་བླ་མ་ཉིད་ཀྱིས་གཙོ་མཛད་དཔོན་སློབ་ཉི་ཤུ་ཙམ་གྱིས་རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱི་ཐུགས་དམ་གྱི་སྙིང་པོར་མཛད་པས་འཇིགས་བྱེད་རྭ་ལུགས་བཅུ་གསུམ་མའི་སྒྲུབ་མཆོད། གཞན་ཡང་དཔལ་དུས་ཀྱི་འཁོར་ལོ་བུ་ལུགས། ཇོ་ལུགས། ཀྱེ་རྡོ་རྗེ་མན་ངག་ལུགས། བདག་མེད་ལྷ་མོ་བཅོ་ལྔ། བདེ་མཆོག་ནག་པོ་བ། ཕག་མོ་སོ་བདུན་མ། ནཱ་རོ་མཁའ་སྤྱོད་མ། སྒྲོལ་མ་བླ་མེད། ཕྱག་རྡོར་གཏུམ་ཆེན། གཟུངས་གྲ་ལྔ། ཚེ་དཔག་མེད་ལྷ་དགུ །བླ་མ་མཆོད་པ་སྟེ་གསར་མའི་ཆོག་གྲ། བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ། བླ་མ་རིགས་འཛིན། ཐུགས་སྒྲུབ་འབྲིང་པོ། གཏེར་གསར་གུ་རུ་ཞི་བ། གུ་རུ་དྲག་པོ། དྲག་པོ་ཉང་ལུགས། ཐུགས་སྒྲུབ་ཆེན་པོ། །བཀའ་བརྒྱད་གསང་བ་ཡོངས་རྫོགས། འཇོམས་བྱེད་སྒྲོམ་བུ་མ། ན་རག་དོང་སྤྲུགས། ཚེ་དཔག་མེད་རྡོ་རྗེ་འཕྲེང་བ་སྟེ། གསར་རྙིང་གི་དཀྱིལ་འཁོར་དེ་དག་ཐམས་ཅད་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒྲུབ་ཅིང་མཆོད་པ་དང༌། གུར་ཞལ་གྱི་གཏོར་སྒྲུབ་རྒྱས་པ་དང་འཇིགས་བྱེད་དྲུག་ཅུ་པ། གུར་ལྷ་བརྒྱད་ཀྱི་དམར་ཆེན་གཏོར་བཟློག །ཞལ་གྱི་དམ་ཚིག་བསྐང་གསོ། འཇིགས་བྱེད་དང༌། དུས་འཁོར་གྱི་རྒྱས་པའི་སྦྱིན་སྲེག །དེ་དག་གི་སྐབས་སུ་སོ་སོའི་ས་ཆོག །མཆོད་གར། འཆམས་སོགས་དེ་དག་ཐམས་ཅད་ཀྱང་དིང་སང་གི་འབྱུང་ཁུང་འདིའོ་