[A:༡༤༧]པར་གནང༌། དེ་སྐབས་སུ་སྔོན་གྱི་གནས་དྲན་པ་ཡང་དེར་འདུས་རྣམས་ལ་གསལ་པོར་གསུངས་ཏེ། འདི་ན་ཀུན་མཁྱེན་ཆེན་པོའི་ཕྱག་རྗེས་དང༌། ཞབས་རྗེས་འདི་དང་འདི་འདྲ་ལྟ་བུ་ཡོད་པ་དང༌། མདུན་རི་འདི་སྤང་རིར་ཡོད་པ་ལ་མི་འདུག་གསུང་བ་དང༌། སྔོན་རྗེ་འདི་ཀུན་མཁྱེན་ཆེན་པོ་དང༌། འཇམ་དབྱངས་སྒེག་པའི་སློབ་མ་རག་འཁྲོམ་པ་ཀུན་དགའ་དཔལ་དུ་གྱུར་ཏེ་ཇོང་ནང་དུ་བཞུགས། རེས་སྐྱོ་བསངས་ལ་ཕེབས་པའི་ལྷ་བརྒྱད་ཤོལ་རགས་ཟེར་བའི་ཀླུ་སྡིངས་ཤིག་ཡོད་པ་ཡང་ཕྱིས་སུ་མེད་འདུག་པས། ངེད་ཀྱི་ལྷ་བརྒྱད་ཤོལ་རགས་ཀྱང་མི་འདུག་གསུང་བ་སོགས་སྔོན་གྱི་གནས་ཐམས་ཅད་གསལ་ལེར་དྲན་པ་བྱུང་འདུག་ཅིང༌། དེ་ནས་གཙང་གཞུང་བརྒྱུད་ནས་ཕེབས་སྐབས་སུ། མི་ལ་ལས་སྔགས་པ། ལ་ལས་བླ་མ་བགྲེས་པོ་དབུ་དང་ཞལ་རྒྱན་སོགས་དཀར་པོར་ཡོད་པའི་རྣམ་པར་མཐོང༌། ལ་ལས་རབ་བྱུང་དང་གཞོན་དུ་མཐོང་བ་སོགས་སྐལ་བར་ལྡན་པའི་མི་དེ་དག་ལ་རྣམ་འགྱུར་དུ་མ་ཞིག་སྟོན་པར་མཛད་ཅིང༌། རིམ་གྱིས་བོ་དོང་གི་སྒྲུབ་སྡེར་ཕེབས་ནས་བཞུགས་པའི་སྐབས་ཤིག་ཏུ་སྐུ་དྲུང་ན་ཡོད་པ་རྣམས་ལ་ཐེག་མཆོག་ཏུ། རིག་འཛིན་ཆེན་པོའི་གསུང་ལས། མཁན་ཆེན་པ་དང་ངེད་རང་མགྱོགས་པར་འཕྲད་ཡོང་གསུང་གིན་འདུག་པ་ཅི་ཡིན་གསུང༌། ཞིང་ཁམས་གཞན་དུ་ཕེབས་པའི་གསུང་གསལ་པོ་གནང་འདུག་ཀྱང༌། སྔོན་ཐུབ་པའི་དབང་པོ་ལ་ཀུན་དགའ་བོ་བདུད་ཀྱིས་བྱིན་གྱིས་བརླབས་ནས་གསོལ་བ་མ་བཏབ་པ་ལྟར། དེར་འཁོར་རྣམས་ཀྱི་མི་ལོད་དམ་ཞུ་བ་ལས་བརྟན་བཞུགས་ཀྱི་གསོལ་འདེབས་སོགས་ཞུ་བའི་བློ་གྲོས་ཅན་མ་བྱུང་འདུག །དེ་ནས་ཞིང་འདིའི་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་