R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༢༩
[A:༡༢༩]མས་མ་གོས་པའི་འདུལ་བ་འཛིན་པ་རྒན་པོའི་བརྟུལ་ཞུགས་ལ་གནས་པར་མཛད་དེ། མཁན་པོ་དེ་ཉིད་དང་ཆོས་རྗེ་ལེགས་ལྡན་པ་སོགས་ལ་གསང་སྔགས་གསར་རྙིང་དང་འབྲེལ་བའི་སྨིན་བྱེད་རྒྱུ་དབང་མཚན་ཉིད་དང་ལྡན་པ་གསན་ཏེ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་བདེ་བར་གཤེགས་པའི་ས་བོན་ལེགས་པར་ཐེབས་པ་ཡིན་ཏེ། མགོན་པོ་ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ལ། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་གྱིས། །སྨིན་བྱེན་དབང་བཞིའི་ཆུ་རྒྱུན་བསྐུར་བའི་མཐུས། །རྣམ་གྲོལ་འབྲས་བུ་ཉིད་ལས་འོས་ཅི་ཡོད། །དེ་ནས་རིང་པོ་མ་ལོན་པ་ཞིག་ནས་མཚན་ཉིད་བསླབ་པར་བཞེད་ནས་སྐྱེད་ཚལ་འོག་ཏུ། གཤེད་དམར་གྱི་གྲུབ་ཐོབ་ཏུ་གྲགས་པ་པཎ་ཆེན་ལྷ་དབང་བློ་གྲོས་ཀྱི་གདན་ས་མཁས་གྲུབ་དམ་པ་ཆོས་ཀྱི་རྗེ་བློ་གྲོས་ཆོས་འཕགས་པའི་ཞབས་པད་བསྟེན་ནས། ཕར་ཕྱིན་ལ་རྩ་སློབ་མཛད་ནས། ལུང་ཆེན་པ་སྟོན་པ་བཟང་ཞིང༌། ཐུགས་རིག་མངའ་བའི་ཚད་དང་ཀུན་གྱི་དགེ་བཤེས་བསླབ་གསུམ་པ་ཞེས་ཕས་རྒོལ་སྨེག་མེད་པར་འཇོམས་པའི་གྲགས་པས་ཁྱབ་པར་གྱུར། དེ་སྐབས་སྤྱི་བསོད་སོགས་ཀྱི་དབུ་མཛད་མཛད་པའི་ཚེ་བསྔོ་གདངས་མཛད་པ་དང༌། ཆོས་སྤྱོད་བསྐུལ་བ་སོགས་ཀྱི་དུས། ནམ་མཁར་ལྷའི་གཞལ་མེད་ཁང་བཀོད་པ་ཕུན་སུམ་ཚོགས་པའི་བྱེ་བྲག་ཡོད་པ་དང༌། རེས་བར་སྣང་ལ་སྤྲིན་གྱི་གསེབ་ནས། དོན་སྙིང་ནང་གྲོལ་ལ་སོགས་པའི་འཕྱང་འཕྲུལ་ཡོད་པ་སོགས་རྣམ་འགྱུར་དུ་མ་གཟིགས་པ་ལ་ཅུང་ཟད་ཐུགས་ཡེངས་པའི་རྣམ་པ་བྱུང་བ་ལ། གྲྭ་པ་གཞན་རྣམས་ཀྱིས་དགེ་བཤེས་བསླབ་གསུམ་པ་ཆོས་སྤྱོད་