[A:༢༧༠]དམ་པོ་བྱས་བསྡད། བདོག་པའི་དངོས་པོ་ཐམས་ཅད་དམ་པ་དགེ་འདུན་གྱི་ཕྱག་ཏུ་ཕུལ་བ་འོག་ཏུ་འཆད། དེ་ནས་རྗེ་བཙུན་དབོན་དྲུང་དང༌། ཆོས་རྗེ་བྱམས་པ་ཤཱཀྱ་བློ་གྲོས། ཆོས་རྗེ་ངག་དབང་པ། ཆོས་རྗེ་དཀོན་མཆོག་ལེགས་འཛིན་སོགས་ཀྱིས་དབུ་མཛད་ཁམས་པའི་སློབ་བུ་གསུམ་ཙམ་དང་བཅས་པའི་ཆོས་འདོད་ཐམས་ཅད་སོ་སོར་ཚིམ་པར་བྱས། སྐབས་འགར་རྩེར་ཡང་ཕྱིན། ཡི་དམ་འགའ་རེའི་དཀྱིལ་འཁོར་དུ་སྒྲུབ་མཆོད་བདག་འཇུག་བརྒྱ་ཚར་སོགས་མང་པོ་བྱས་ཀྱང་གོང་དུ་བརྗོད་ཟིན། རེ་བདུན་པ་སྦྲུལ་ལོ་ཡང་དེ་སྐབས་དང་མཚུངས་པའི་དགེ་སྦྱོར་འཕེལ་ལ་བླ་མ་དགྱེས་པའི་ཐབས་ལ་ཡིད་ཆེས་ཐོན་པ་ཞིག་བྱུང༌། འོན་ཀྱང་དགོན་གསར་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཉེར་གཅིག་གི་སྒྲུབ་མཆོད་སྐབས་མཚོ་སྒོ་ནས་དཔོན་ས་ཤིན་ཏུ་བསྙེལ་བ་ཡོད་པས་ཡོང་དགོས་ཞེས་ནན་ཏར་དང༌། ཡུམ་ཆེན་དྲུང་གིས་འགྲོ་དགོས་ནན་ཆགས་བྱུང་བས་སྒྲུབ་མཆོད་ཀྱང་བོར། མགྱོགས་བཤད་རང་ཕྱིན། དེ་ནུབ་གཟིམས་མཁར་དུ་བསྡད། འཇམ་དཔལ་ཞལ་དགུའི་རྒྱུད་སོགས་ཀྱི་བེ་བུམ་བསྐུར་ནས་དེ་འཕྲལ་གོ་ཆོད་ཀྱི་མི་བཏང༌། དེ་དང་ལྷན་ཅིག་ཏུ་བསྟན་སྲུང་རྒྱ་མཚོའི་གཙོ་བོ་འཆི་བདག་གཤིན་རྗེ་གཤེད་དེ་ཡང་རྒྱུད་ཀྱི་རྗེས་འབྲེངས་ནས་བེ་བུམ་སླེབ་འཕྲལ་དངོས་སུ་བར་ཆད་ཀྱི་མཚན་མ་ཐམས་ཅད་སྐད་ཅིག་ལ་ཞི་ནས་བདེ་ཁྱད་ཡོད་ངེས་བྱུང་འདུག །སྨན་པ་དང་ཁོ་རང་ཚོའི་མཆོད་འོས་རྣམས་ཀྱིས་མི་མི་ཡོང་བར་ཐག་བཅད་འདུག་མོད། བདག་སླེབ་ནས་སྙུང་བ་ནི་སྲུང་མ་དང་བེ་བུམ་གྱི་བྱིན་རླབས་ཀྱིས་གྲོལ་འདུག །རྐང་པས་དབུ་ལ་བཞག་པ་ཙམ་བྱས་ཞག་གསུམ་སོང་ནས་སོར་ཆུད། སྨན་པ་སོགས་ཅུང་