[A:༡༦༣]གཞན་རྣམས་ལ་ཡང་ལོ་ལེགས་ཀྱི་འབྲུ་ཚོགས་གོང་འཕེལ་ཁོ་ན་བྱུང༌། དེ་སྐབས་ཤངས་ཀྱི་ནང་སོ་གཡང་ཆེན་པའི་བུ་མོ་བུད་མེད་ཀྱི་སྐྱོན་ཀུན་སྤངས་པ་དེ་ཉིད་ཤངས་ཀྱི་འབའ་རར་རབ་ཏུ་བྱུང༌། སེར་བསྲུང་ལ་བཞུགས་དུས། ཕ་མེས་བརྒྱུད་པའི་སྲུང་མ་དེས་བདག་ལྟ་བུ་ཡོང་བའི་རྟེན་འབྲེལ་ཡིན་ནམ་གང་ལྟར་ཁོང་གི་བློ་སྒུལ། ཆོས་རྗེ་ཀུན་དགའ་རིན་ཆེན་པ་ལ་དད་པ་དང་སྤྲོ་བ་ཚད་མེད་བྱུང་འདུག་པས། བཙུན་མ་དེས་བསྙེན་བཀུར་ཚད་མེད་བྱས། ལྷག་པར་འོ་སྐོལ་གྱི་འདྲེན་པ་ཡང་དག་ཞུས། སླར་གསེར་མདོག་ཅན་ལ་ཕེབས་མྱུག་པ་རབ་འབྱམས་པ། གནས་ཀྱི་སློབ་དཔོན་སྟོན་པ་བཟང་བ་དང་བཙུན་པའི་ཚད་ཐུབ་པ་ཞིག་ཡོད་པ་དེས་ཁྱོད་ལ་གཡང་དུ་ཁམས་དངས་པོ་དང་སྐྱིད་པོ་ཨེ་བྱུང་གསུང་གིན་འདུག་པས། ཁམས་དངས་པོ་དང་སྐྱིད་པོ་རང་བྱུང་ལྷག་པར་གཡང་ཆེན་པའི་བཙུན་མས་འོ་སྐོལ་སོགས་ཀྱི་སྟེར་སྦྱིན་མང་པོ་བྱུང་ཞུས་པས། ཨ་ལི་ཨ་ལི་ཆོས་རྗེ་ལ་འོ་སྐོལ་འདྲེན་དོན་ཡེ་མེད་དོ་གསུང་བྱུང་བས། ངོ་ཤིན་ཏུ་ཚ་བ་ངོ་ལྤགས་ད་ལྟ་ཞུས་འགྲོ་བ་སྙམ་བྱེད་པ་བྱུང་གསུང༌། དེ་ལྟ་བུའི་མཛད་པ་ནི་ཁ་ཕྱིར་ལྟས་རྣམས་ཀྱིས་བསམས་ན་ཅིར་འགྱུར་མི་ཤེས། ནང་དོན་ལེགས་སྐྱེས་མའི་བུ་མོས། བཅོམ་ལྡན་འདས་ལ་བ་མཆོག་སྟོང་གི་འོ་སྐོལ་བཏུས་ནས་ཞུས་པས་སྐུ་ལུས་གསེར་གྱི་བསྟན་པ་ཕྱིས་པ་ལྟར་སོང་ཞེས་པ་དང༌། ཡང་དབང་བཞིའི་སྐབས་སུ་གསང་དབང་གི་སྟ་གོན་གྱི་དོང་དུ་ཡང་བྱེད་པ་ལྟར། དེ་དུས་གསང་དབང་ཞིག་ཐོབ་པ་ཀ་འདྲ། གང་ལྟར་ཉེར་བཞི་པ་ལ་གོང་དུ་སྨོས་པ་ལྟར་ཡོན་ཏན་དུ་མ་དང་ལྡན་པའི་གཡང་ཆེན་པའི་བུ་མོ་ཆོས་འཛོམ་རྒྱལ་མོ་ཞེས་པ་རྡོ་རྗེ་བཙུན་