[A:༢༨༡]བྱས། མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་བཞིན་དུ་འདུ་བའི་གནས་རུ་མཚོན་གྱི་རྟེན་རྣམས་ཅུང་ཟད་རྙིངས་པའི་སྐྱོན་འདུག་པ་རྣམས་ལ་ཇི་ལྟར་འོས་པའི་རྟེན་རྣམས་རྒྱ་ཆེར་གསར་དུ་སྤོས་ནས་གཙུགས་པས་ཆོས་སྲུང་དམ་ཅན་ཚོགས་ཀྱང་མཉེས་པའི་དགེ་མཚན་དུ་མ་སྣང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱི་དུས་མཆོད་ལ་ཕ་རྒྱུད་ཀུན་གྱི་ཡང་སྙིང་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས་པའི་ཆ་རྐྱེན་དུ་རྒྱུ་དངོས་གང་ཡོད་དེ་སྟེང་དུ་སྤུངས་ནས་མཆོད་པའི་རྒྱུན་མི་ནུབ་པར་བཙུགས། དེ་ནས་དོན་གཉིས་པ་ཁྱི་ལོ་དགེ་སྦྱོར་གང་འཕེལ་སྐབས་གཞན་ཕན་གྱི་བན་ལིང་ཁོ་ནའི་དུས་ཟླ་བ་དང་པོ་ལ་རྡོ་རྗེ་འཇིགས་བྱེད་ཀྱི་རྭ་འཁྲིད་ཉིད་རྒྱས་པར་འཆད་སྐབས། གདམས་པ་འདིའི་སྤྱོད་ཡུལ་དུ་མ་གྱུར་པའི་གང་ཟག་སྐལ་དམན་ཁ་རེ་འདུག་པ་ལ། ལམ་འདིའི་བདག་པོ་སྙིང་ཉེ་ལ་བཀའ་ཉན་པ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཅུང་ཟད་ཁྲོས་པའི་ཉམས་ཀྱིས། རང་ཉིད་ལ་བཟློག་པའི་རྣམ་པས་ཁམས་ཤིན་ཏུ་ཉོག་པ་ཁ་བདར་བའི་སྐྱོན་གྱིས་མགྲིན་པ་ཡང་འགགས་པའི་ཚུལ་གྱིས་གོ་སྐབས་དོག་པ་ཙམ་བྱུང་བས་གྲོལ་བ་རིགས་འདྲ་ཞེས་པའི་ཉེ་གཏམ་བྱེད་མི་མང་པོ་བྱུང༌། དེ་འདྲ་མ་ཟེར་ཆོས་སྲུང་འདི་མ་མཉེས་པའི་རྟགས་སུ་འདུག །ལར་ཆོས་བྱེད་མཁན་ཡིན་པ་ལ་ཤི་ན་ཡང་ལེགས་པ་ཡིན། མི་ཚེ་ཆོས་ལ་བསྐྱལ་བའི་དོན་དེ་ག་ཡིན་མོད་བྱས། འཚོ་བྱེད་ཉིད་ཀྱིས་ཕུལ་དུ་མ་ཕྱིན་པའི་འབྲས་བུ་ནད་ངོ་དེ་ཡང་ཆེར་མི་ཟིན་པ་ཞིག་འདུག་པ་དང༌། ལྷག་པར་ཆོས་སྲུང་དེ་དང་ལྷ་མོ་ཉིད་ཀྱིས་རྨི་ལམ་དུ་ཁྱེད་རང་འོ་བརྒྱལ་མགྱོགས་པར་བློ་ལ་ཡོད་པའི་འཚོ་