[A:༢༨༢]བྱེད་འབོད་པ་ཞུ། ངེད་ཀྱིས་འཕྲིན་ལས་ཅི་ནུས་སྒྲུབ་ཞེས་པའི་ཟ་ཟི་ལ་གཉིད་ཀྱི་རྣམ་པ་དྭངས། ངེད་རང་གི་བློ་གཏད་བཅོལ་བའི་སྨན་པ་དེ་ཉིད་འཕྲལ་དུ་སྤྱན་དྲངས་པའི་ནུས་པ་དང༌། མཁའ་འགྲོ་ཆོས་སྲུང་གི་བྱིན་རླབས་ཀྱིས་ད་བར་གནས་པ་ལགས། དེ་དུས་ཀྱང་འགྲོ་དགོས་པའི་ལྟས་ལོག་པ་བྱུང་ཡང་བགེགས་དེ་ཉིད་དགྱེས་པའི་འབྱོར་པ་ཐམས་ཅད་མེད་པར་བྱས་པས་དོན་ཐམས་ཅད་དེ་གས་ཚིམ་སོང༌། ཆོས་དེ་ཡང་གེགས་མེད་དུ་གྲོལ་ཆོས་སྲུང་རྣམས་ལ་བསྐང་བཤགས་ཀྱི་བཏང་རག་བརྒྱ་ཚར་གྱིས་མཉེས་པར་བྱས། དེ་ནས་སྒྲུབ་ཐབས་བརྒྱ་རྩ་སྒྲོལ་མ་ཉེར་གཅིག་སོགས་ཀྱི་རྗེས་གནང་གིས་དོན་གཉེར་ཐམས་ཅད་སོ་སོར་ཚིམ་པར་ཕུལ། ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ལ་ཆོས་ཀྱི་རྒྱལ་པོ་སྐུ་མཆེད་ཀྱིས་མཐུན་རྐྱེན་ཕུལ་དུ་ཕྱིན་པའི་མཐུན་སྦྱོར་གནང༌། ལྷག་པར་ཨྱོན་བླ་མའི་བསྟན་པ་ལ་འཇམ་དཔལ་ཉིད་ཆེད་དུ་མིའི་གཟུགས་འཛིན་པ་ཁྲི་སྲོང་ལྡེའུ་བཙན་གྱི་བརྟུལ་ཞུགས་འཛིན་པ་དགྲ་འདུལ་དྲུང་གིས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་རྩ་སྒྲུབ་སོགས་རྙིང་མའི་བསྟན་པ་གསལ་བར་བྱེད་དགོས་ཞེས་ཆེད་དུ་བསྐུལ་ནས་སྒྲུབ་པ་ཆེན་པོའི་སྟེང་ནས་སྨན་སྒྲུབ་རིལ་བུ་སིལ་མ་དང་གོང་བུ་སོགས་ཡོང་གིན་འདུག་ཀྱང༌། གོང་བུའི་སྒྲུབ་པ་ཟླ་བ་ལྷག་ཙམ་བདེ་གཤེགས་བདུན་བརྒྱ་ཉི་ཤུའི་བསྙེན་པ་དང་ལྷན་དུ་བསྒྲུབས་པས། ཞག་བཅུ་གཉིས་ཙམ་སོང་བ་ན་དྲི་བཟང་གིས་སྒྲུབ་ཁང་ཀུན་གང་བ་དང༌། དམ་རྫས་ཀྱི་སྨན་རག་གཏོར་གསུམ་རྣམས་ཀྱང་དྲི་རོ་ཕུན་སུམ་ཚོགས་པ་དང་མར་མེའི་རྒྱུན་གཅིག་གིས་ཉིན་མཚན་ལྔ་ཙམ་ཐུབ་པ་དང༌། གཞན་ཡང་ཞག་ཉི་ཤུ་སོང་བའི་ཉི་མ་སྔ་ཕྱེད་ཙམ་ལ་གཉིད་