R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༩༡
[A:༢༩༡]པ་ཡིན་ནམ། ཞབས་དྲུང་མཁྱེན་བརྩེའི་དྲུང་ཅུང་ཟད་མ་མཉེས་པའི་རྟགས་མང་པོ་བྱུང༌། མ་བབས་རོ་ཟས་འདི་དང་མ་བྲལ་བས་ཡིན་པ་འདུག །གང་ལྟར་ལུས་སྲོག་བདོག་པ་ཐམས་ཅད་དང༌། ཕྱི་ནང་མ་ལུས་པ་བྲན་དུ་ཕུལ་ནས་ཅི་མཛད་ལེགས་ཉེས་ཐམས་ཅད་ཁྱེད་རང་ཤེས་སྙམ་ཐུགས་རྗེ་ལ་རེ་བ་འདི་ཡིན་ནོ། །ཟླ་བ་བཅུ་གཉིས་པའི་ཚེས་བཅུའི་སྔ་དྲོ་གཉིད་ཀྱི་རྣམ་པ་ཐུངས་པ་བྱུང་བའི་རྨི་ལམ་ན་ཨྱོན་བླ་མ་ད་ལྟ་བྲིས་ཡོད་པ་འདི་ལྟ་བུའི་སྐུའི་ཆ་ལུགས་བྱས་པ་བར་སྣང་འཇའ་ཚོན་གྱི་རྣམ་པ་ཁྲ་ཤིག་གེ་བའི་ཁྲོད་ནས་མི་ཚད་གསུམ་འགྱུར་ཙམ་བྱས་པ་ཞིག་གི་མདུན་ན། རྗེ་བླ་མ་མཁྱེན་བརྩེ་ཉིད་སྔོན་གྱི་སྐུའི་ཚུལ་ལ་པད་ཞྭ་ཕོད་ཀ་བཞེས་པ་ཞིག་འདུག་པའི་ཞལ་ནས། མཆོད་པའི་དགེ་ཚོགས་དཔག་མེད་མཆིས་ན་ཡང༌། ཨྱོན་རྗེ་ལ་འདུད་པའི་མཆོད་པ་དེ། །ཇི་སྲིད་མཆོག་ལ་མ་རེག་བར་དག་ཏུ། །གུས་པས་དངས་ལེན་རབ་ཏུ་འབད་པ་གཅེས། །གསུང་བ་ལྷང་ལྷང་བྱུང་བ་དང་གཉིད་སད། སྔར་ནས་ཀྱང་གྲོགས་ཀྱི་རམ་བུ་འདེགས་པ་ནི་མེད་ཀྱང༌། རང་གིས་ཇི་ལྟར་ནུས་པ་གསོལ་བ་བཏབ་པའི་འབྲས་བུ་འདུག །ད་དུང་གྲོགས་དམ་ཚིག་པ་ཕྲན་བུ་བྱུང་ན་ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་དང༌། ལྷག་པར་ཚེས་བཅུའི་མཆོད་པ་མ་ཆག་པ་རྒྱས་པར་བྱེད་པའི་ཞེ་བཅད་བྱས། དེ་ནས་སྟག་ལོ་དོན་དྲུག་པ་ལ་རྟེན་བཞེངས་ཀྱི་མཇུག་བསྡུས་ཟླ་བ་བདུན་པའི་དུས་མཆོད་རྒྱས་པར་བྱས་རྗེས་ཟླ་སྐོར་རྩེར་བསྡད། བསྟན་འཛིན་གྱི་སྐྱེས་བུ་གཉིས་ལ་ལྷ་ཆེན་ནག་པོ་ཞལ་བཞིའི་གསང་འཁྲིད་ལུས་པ་མེད་པར་ཕུལ། དེ་ནས་དགོན་གསར་ཆོས་རྗེ་ངག་གི་དབང་