R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༡༠
[A:༣༡༠]བསྟན་པའི་མངའ་བདག་འཕགས་ནོར་བདུན་གྱིས་ཕྱུག་པའི་རྗེ་ངག་གི་དབང་ཕྱུག །མཁས་བཙུན་དུ་མའི་རལ་པའི་ཁྲི་ལ་ཞབས་ཀྱི་པདྨ་ངལ་འཚོ་བ་ལུང་རིགས་རྒྱ་མཚོའི་མངའ་བདག་འཇམ་དབྱངས་དགའ་བའི་བཤེས་གཉེན། རྗེ་བཙུན་ཆོས་རྗེ་རིན་ཆེན་སྒང་དྲུང་རབ་པ། གྲུབ་མཆོག་ཐང་སྟོང་རྒྱལ་པོའི་གདུང་བརྒྱུད་བྱང་ཆུབ་སེམས་དཔའི་སྤྱོད་པས་འགྲོ་ཀུན་ཐར་ལམ་དུ་འདྲེན་པའི་རྗེ་ངག་དབང་བློ་གསལ་བསྟན་པ། དུལ་བ་ཞི་བ་ཉེ་བར་ཞི་བའི་སྤྱོད་པས་མཛེས་པ་རྗེ་ངག་དབང་ནོར་བུ། གྲུབ་ཆེན་དེ་ཉིད་ཀྱི་ཉེར་གནས་ཀྱི་སྲས་སུ་བསྐྲུན་པའི་རྣམ་དཔྱོད་འཇམ་པའི་དབྱངས་ལ་འགྲན་པའི་ཆོས་རྗེ་དཀོན་མཆོག་ལེགས་འཛིན། གཞལ་དུ་མེད་པའི་ཡོན་ཏན་རིན་པོ་ཆེ་ལ་དབང་འབྱོར་པའི་བྱམས་པ་ཤཱཀྱ་བློ་གྲོས། མདོ་རྒྱུད་མ་ལུས་པའི་མངའ་བདག་འཆི་མེད་རིགས་འཛིན་བརྙེས་པའི་མཁས་བཙུན་སངས་རྒྱས་རྒྱལ་མཚན། དེ་ཉིད་ཀྱི་ཐུགས་ལས་འཁྲུངས་པའི་རྒྱུད་སྡེའི་དོན་ལ་བློ་གྲོས་ཀྱི་སྤོབས་པ་བརྙེས་པ། ཤེས་བྱའི་དོན་ལ་བློ་གྲོས་ཀྱི་སྤོབས་པ་གཞལ་དུ་མེད་པ་གཞོན་ནུ་དཀོན་མཆོག་གྲགས་པ། སྔགས་རྙིང་མའི་ཐེག་པ་ཉི་ཟླ་ལྟར་གསལ་བའི་ཉི་ཤར་རྡོར་གླིང་གི་སློབ་དཔོན་ཀུན་བཟང་དཔལ་ཆེན། བཀའ་གཏེར་དམ་ཆོས་ཀྱི་གླེགས་བམ་གཙང་སྟོད་གྲུམ་པ་ཡོངས་ཀྱི་སྔགས་གཅིག་རྩེ་གཅིག་ཏུ་སྒྲུབ་པ་མཆོག་ལ་གཞོལ་བ་པོ་དགོན་སྡུག་ལེགས་ལྡན་སྐྱབས་མ། དགོན་ཆེན། ཕུན་ཚོགས་སོགས་ཀྱི་སྒྲུབ་ཆེན་རྣམས་དང༌། གཞན་ཡང་དཔལ་ཞ་ལུ་གསེར་ཁང་གི་གྲང་མོ་ཆེའི་སློབ་དཔོན། དཔལ་འཁོར་ཆོས་སྡེ་ཆེན་པོའི་གུར་པ་སློབ་དཔོན། རྩེ་གཅིག་ཏུ་སྒྲུབ་པ་སྙིང་པོར་མཛད་པའི་པ་