R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༡༤
[A:༣༡༤] །འོན་ཀྱང་དེ་ལྟ་བུའི་རྗེ་བཙུན་བླ་མ་དམ་པ་གང་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་མཛད་པ་རབ་འབྱམས་བདག་ལྟའི་སོ་སྐྱེ་རྣམས་ཀྱིས་བསྐལ་པར་ལྕེ་བརྒྱས་འབད་ཀྱང་བརྗོད་པར་ནུས་པ་མ་ཡིན་ནོ། །འོ་ན་བླ་མ་དམ་པའི་བཀའ་དྲིན་སྙིང་ལ་དྲན་པ་དང་དམ་པ་གང་གི་སྐུ་གསུང་ཐུགས་མཚོ་ལས་འཁྲུངས་པའི་དྲི་བསུང་ཕྱོགས་བརྒྱར་དགོད་པའི་ཨུཏྤ་ལའི་སྡོང་པོའི་བསིལ་གྲིབ་ལ་ཉོན་མོངས་པའི་ཚ་གདུང་ངལ་གསོ་ བའི་སེར་གཟུགས་ཟ་ཉལ་འཆག་གི་བླུན་པོའི་སྙིང་ལ། ལོ་འདབ་འབྲས་བུའི་ཁུར་གྱི་རྣམ་པར་འགྱིང་བའི་ཡོན་ཏན་རིན་པོ་ཆེ་བདེ་བ་ཆེན་པོའི་ཨུཏྤལ་གང་གིས། བྱམས་པ་ཆེན་པོ་སྨོན་པ་ཤེས་རབ་ཀྱི་གཞུ་མོ་ལ་ཐབས་སྙིང་རྗེ་ཆེན་པོ་འཇུག་པའི་མདའ་མོས་ཡང་ཡང་དུ་བསྣུན་པ་ལ་བརྟེན་ནས། རང་བཟོ་དང་སྒྲོ་སྐུར་གྱི་དྲི་མ་ངན་པ་ཐམས་ཅད་གསུང་གི་བདུད་རྩིའི་དྭངས་མ་ལྷད་མ་ཞུགས་པར། བརྗེད་ངས་དང་ལེ་ལོའི་མུན་པ་དང་ཐང་ལ་རིག་པའི་སྒྲོན་མེ་སེམས་ཀྱི་ལྕགས་གིས་བསྐུལ་ཏེ། དམ་པའི་གསུང་ལས་བྱོན་པ་ནི་འདི་ལྟར། དེ་ཡང་ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་གི་ལོ་ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ལ་གཟའ་ཕུར་བུ་དང་སྐར་མ་བི་རྫིས་རླུང་གི་སྦྱོར་བ་ལ་འཁྲུངས་པ་ནས་ས་མོ་ཡོས་བུའི་ལོ་ཟླ་བ་བཅུ་པའི་ཉེར་གསུམ་བར་གྱི་ཐོས་བསམ་སྒོམ་སྒྲུབ་འཆད་ཉན་གྱི་མཛད་པ་རླབས་པོ་ཆེ་མཐའ་དག་ནི་གོང་དུ་སྨོས་པ་ལྟར་རོ། །དེའི་མཇུག་རགས་པ་ནི། ད་དད་རྫས་གཤིན་རྫས་ཀྱི་ལོངས་སྤྱོད་ལ་ཐབ་སུ་བཟང་འགྲན་པ་ནི་རང་གཞན་ཐམས་ཅད་ཕུང་ལ་སྦྱོར་ཞིང་ངན་སོང་རྒྱུ་སྒྲུབ་པ་འདི་འདྲ་བོར། འཆི་བ་སྙིང་ཟུག་གི་གནས་