R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༨
[A:༡༧༨]མཚན་དཔལ་བཟང་པོའི་ཞབས་དྲུང་དུ་ཀྱེ་རྡོ་རྗེ་བཀའ་བབས་རྣམ་པ་བཞིའི་དབང༌། རྒྱུད་གསུམ་གྱི་བཤད་བཀའ་འགྲེལ་ཆེན་ཀུ་མུ་ཏས་གཙོས་པའི་ཡི་གེ་མང་པོའི་ལུང༌། རྫོང་ལུགས་ཀྱི་གུར་རིགས་བསྡུས་མན་ངག་ལུགས་ཀྱི་དབང་རྡུལ་ཚོན་ལ་བརྟེན་པ་དང་བཅས་པ་ཐོབ་ཅིང་ཉམས་སུ་མྱོང་བའོ། །དེ་ནས་རང་ལོ་སོ་ལྔ་པ་ལ་པཎ་གྲུབ་ཆེན་པོ་ཨ་བྷ་ཡས་བཀྲལ་བའི་སྟ་གོན་གཅིག་གིས་ཆོག་པའི་དབང་གི་གྲངས་ཞེ་གཉིས་དང་ཀྲྀ་ཡ་ས་མུཉྩ་ནས་ཁ་བསྐང་སྟེ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ་རྡོ་རྗེ་འཕྲེང་བ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་བཅུ་ཞེ་ལྔ་ཚིག་དོན་ལག་ལེན་དང་བཅས་པ། བདེ་མཆོག་ལོ་ནག་དྲིལ་གསུམ་རྡུལ་མཚོན་ལ་བརྟེན་པའི་དབང༌། བདེ་མཆོག་དཀར་པོའི་བྱིན་རླབས། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སྦྱངས་པའི་ཡོན་ཏན། སྡོམ་པ་འབྱུང་བ། མཻ་ཏྲི་བཅུ་གསུམ་མ་སྟེ་ཡབ་བཀའ་དང༌། ཕག་མོ་སོ་བདུན་མ། བཅུ་གསུམ་མ། དགུ་མ་སྟེ་ཡུམ་བཀའ་དང༌། དཔྱལ་ཨ་མོ་གྷས་མཛད་པའི་བྱིན་རླབས་སྒྲུབ་ཐབས་སོགས་ཡི་གེ་མང་པོའི་ལུང༌། ནག་པོ་གཞུང་དྲུག །བསྡུ་བ་གསུམ་པ། སྨན་ལྔར་གྲགས་པ། ས་སྐྱ་པའི་ནག་འབུམ་དང་བཅས་པའི་རྒྱ་བོད་ཀྱི་ཡི་གེ་མཐའ་ཡས་པའི་ལུང༌། གསང་སྔགས་རྒྱུད་སྡེ་མཐའ་དག་གི་ཡང་སྙིང་ཆེས་ཤིན་ཏུ་ཟབ་པ། བདེ་ཆེན་རལ་པ་གཅིག་པ་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ལྷ་ཉི་ཤུ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཆོག་བསྲེས་པའི་དབང་རྒྱས་པ་དང༌། ཆོ་གའི་ལུགས་སོ་སོར་བྱས་པའི་དབང་བཞི་རེ་རེ་ལ་ཡང་དབང་བཞི་སྦྱར་བའི་རྒྱས་པ་དང༌། ཡབ་གཙོར་བྱས་ཀྱི་ཡེ་ཤེས་འཕོ་བའི་བྱིན་རླབས་རྒྱས་