R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༦༡
[A:༡༦༡]མ་ཞིག་འཕང་བ་གནང་འདུག་པས། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་མཐུ་སྟོབས་ནུས་པ་གཅིག་ཏུ་དྲིལ་བའི་གནམ་ལྕགས་ཐོག་གི་འཕང་གཏོར་ཟུར་བརྒྱད་པ་དེ་ཉིད། འབྱུང་བཞི་སོགས་གང་ལའང་ལྟོས་པ་གང་ལ་ཡོད། རྡོ་རྗེ་ཕ་ལམ་ལྟ་བུ་ཡང་རྡུལ་དུ་རློག་པའི་ནུས་པས། གཞན་རྔ་སིལ་སོགས་ཀྱི་བན་ལིང་ཡང་གང་ལ་དགོས་སུ་འདུག །ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་ཁོ་ནའི་ངང་ནས་རྟག་གཏོར་དེ་མགོན་ཁང་གི་སྐར་ཁུང་ལ་གཏད་དེ་འཕངས་པས། ཕ་ཚད་དེ་ན་བྲག་རོལ་ཕ་བོང་སྲལ་ལེ་ཡོད་བ་དེའི་གསེབ་ཏུ་ཐོགས་མེད་དུ་ཐིམ་ནས་ད་ལྟའི་བར་དུའང་བྲག་དེ་ལ་གཏོར་མའི་ཤུལ་གསལ་པོ་ཀུན་གྱིས་གཟིགས་པར་ཡོད་ཅིང༌། ཕ་རོལ་གྱི་དམག་དཔུང་དེ་ཉིད་རང་ཕྱོགས་ནས་སོར་རྡོ་ཆུང་ངུ་གཅིག་འདེབས་མཁན་མེད་པར། མཚན་སྒང་དེ་ཉིད་ལ་གར་ཐེགས་མེད་པར་སོང་ནས་ཡུལ་ཕྱོགས་དེ་ཉིད་བདེ་ཞིང་སྐྱིད་པའི་ཉི་མ་ཤར་བ་ཡིན་ཏེ། དམ་པ་འདི་ཁོ་ནའི་སྐུ་དྲིན་དུ་འཁུམ་མོ། །རྡོ་རྗེ་ཐོག་ཆེན་ཕྱི་རོལ་གཟུགས་སུ་ཤར། །གྲུབ་པའི་ནུས་པ་གནམ་ལྕགས་མེ་དཔུང་བཞིན། །བདེན་པས་ཏིང་འཛིན་མཐུ་ཡིས་གཟི་འོད་ཀྱིས། །བཙོན་རར་ཆུད་པའི་སྐྱེ་བོ་ཕལ་ཆེར་སྤར། །དེ་ནས་ཐོག་གཉིས་ཙམ་སོང་འདུག་སྟེ། དེ་རྣམས་ཀྱིས་ཀྱང་སྒྲུབ་པ་ཁོ་ན་ལྷུར་ལེན་ཞིང་ཉན་བཤད་སྒོམ་པ་སོགས་དུ་མ་ནས་ངོ་མཚར་བའི་མཛད་པ་རབ་འབྱམས་ཤིག་འདུག་སྟེ་ཡི་གེས་འཇིགས་པ་དང་ཀུན་གྱི་རྣ་བར་མི་འཛུལ་བས་རེ་ཞིག་ཟོམ་མེ་བཞག །དེའི་རྗེས་སུ་ཤངས་ཀྱི་དཔལ་སྣ་ནང་སོའི་སྲས་མོ་ཁབ་ཏུ་བཞེས་པ་གནང་བའི་སྲས་སུ་བདག་གི་ཕ་དེ་ཉིད་སྐུ་འཁྲུངས། འདི་ནི་བྱིས་པའི་དུས་ཉིད་ན་རྒན་པོའི་