R184: དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་།

  • Pagination (Witness A): ༥༠༢
[A:༥༠༢]རྒྱལ། །དམར་སེར་དྷཱིཿཡིག་བཞུ་བླུགས་མི་ཡི་གཟུགས། །འཁོར་ལོའི་མགོན་པོ་བསོད་ནམས་སྐལ་བཟང་དཔྱིད། །མཆོག་ཏུ་མི་འགྱུར་བདེ་བའི་བདག་ཉིད་ཅན། །དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་སེམས། །ཨ་ཧོ་འཕགས་བོད་རིས་མེད་གྲུབ་མཐའི་སྲོལ། །འཛིན་པའི་མཁས་གྲུབ་ཡང་སྲིད་མཐའ་ཀླས་ཀྱང༌། །ཞིང་འདིར་འཇམ་མགོན་བླ་མ་ས་སྐྱ་པའི། །བསྟན་པའི་ཁུར་ཆེན་རྣམ་དཔྱོད་ཕྲག་པར་ལྕི། །དབང་ལུང་རྗེས་གནང་རིག་གཏད་རྒྱུད་བཤད་ཟླས། །གདུལ་བྱའི་བློ་ཡི་ཀུནྡ་བཞད་པའི་མོད། །གྲོལ་ལམ་ཀ་སྤུ་ར་ཡི་གཟེགས་མའི་རྡུལ། །ཐབས་པས་སྒྲིབ་གཉིས་ཚ་གདུང་སེལ་ལ་སྦྱོར། །གཅིག་ཏུ་རྣམ་གསུམ་མཁས་པའི་བྱ་བ་ལ། །རྟག་པར་འགྲུས་ཀྱང་རིམ་གཉིས་རྣལ་འབྱོར་གྱིས། །གང་ཐུགས་མཚན་དཔེས་ཡོངས་སྤྲས་ཧེ་རུ་ཀར། །བཞེངས་པའི་ཆོ་ག་རྫོགས་པ་འདི་ཀོ་མཚར། །དེ་ཕྱིར་མེས་པོས་བསྐལ་པར་བསམས་བྱས་ཀྱང༌། །གཏིང་མཐའ་དཔག་པར་དཀའ་ན་བདག་འདྲ་བས། །རྟོགས་བརྗོད་སྨྲ་བ་འདབ་ཆགས་རྩེ་སྒྲོ་ཡིས། །མཐོན་པོ་བྲག་རི་ཟད་པར་བྱེད་པ་བཞིན། །འོན་ཏེ་རྣམ་འདྲེན་དུས་མཁྱེན་རྒྱལ་པོ་ཡིས། །བདེ་བཤེགས་རྩྭ་མཆོག་བསྟོད་པའི་ལེགས་བྱས་བཞིན། །རྡོ་རྗེ་སློབ་དཔོན་བསྔགས་པའི་སྐལ་བཟང་འདི། །གྲངས་མེད་སྐྱེ་བར་ཆོས་དཀར་ཟོང་གིས་བསྒྲུབས། །དེ་ཕྱིར་རྣམ་པར་ཐར་པའི་པི་ཝང་རྒྱུད། །བཅད་ལྷུག་ཚིག་གི་སོར་མོས་ལེགས་བསྐུལ་སྒྲ། །དཔྱོད་ལྡན་རྣ་བར་འཇེབས་པ་རྡོ་རྗེའི་གླུ། །གཞོམ་མེད་ནཱ་དའི་དབྱངས་སུ་བླངས་འདི་ཉོན། །དེའང་འཇམ་མགོན་