[A:༦༩]རོལ་ཕྱིན་པ་མིང་དུ་ཟད། །འོད་གསལ་ལམ་ནས་ལྷ་ལྡན་གནྡྷོ་ལ། །མ་སྒྲིབས་ཤར་བ་ཇི་བཞིན་མངོན་སུམ་དུ། །གཟིགས་ཚེ་བླ་ནས་བླར་འཕེལ་དད་པ་ཡིས། །རྒྱལ་ཀུན་བྱིན་རླབས་ཐུགས་ཀྱི་དཔལ་བེར་གཏམས། །ཁྲུས་གསོལ་བཅོམ་ལྡན་རིག་བྱེད་ལྷ་མོའི་མཐུས། །སྡིག་ཏོའི་དྲི་མ་འཁྲུད་པའི་རྫིང་བུ་རུ། །གྱེན་འཕྱུར་སྨན་གྱི་ཆུ་བོ་ཨ་ག་སྟས། །གཞན་སྣང་ཟུག་རྔུའི་དུག་ཀུན་དྲུང་ནས་ཕྱུང༌། །རང་བྱུང་ཐུགས་རྗེ་ཆེ་སོགས་རི་མཐིལ་གྱི། །གནས་རྟེན་མིག་གི་བདུད་རྩིར་བསྟེན་པའི་ཚེ། །དད་སྤེལ་ལོ་རྒྱུས་ཏམ་བཱུ་ར་ཡི་རྒྱུད། །ཁྱབ་བདག་བླ་མའི་རྣམ་དཔྱོད་སོར་མོས་བསྐུལ། །བུ་སྟོན་འཇིགས་མེད་དཔའ་བོའི་ཆོས་ཀྱི་སྡེར། །ཐུབ་གཞུང་ལུས་ཀུན་རྫོགས་པའི་གསུང་ངག་ཆོས། །མཁས་གྲུབ་རྡོ་རྗེའི་སློབ་དཔོན་ཉི་གླིང་རྗེ། །སེ་སྟོན་ངུར་སྨྲིག་ཟོལ་གྱིས་འོངས་པ་བཞིན། །ཐུན་མོང་ལམ་གྱི་ཀུནྡ་བཞད་ནུས་པའི། །བསྟན་འཛིན་འབུམ་ཕྲག་ཟླ་བས་འབྱེད་མིན་གནད། །སློབ་བཤད་པད་དཀར་ཟེའུ་འབྲུའི་སྦྲང་རྩིའི་བཅུད། །འཐུང་བའི་སྐལ་བཟང་བུང་བ་ཁྱོད་ཉིད་ཙམ། །འཆི་མེད་གྲུབ་པའི་མགོན་པོ་ལྕགས་ཟམ་པས། །ཚེ་བྱིན་བརླབས་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ། །འཇམ་མགོན་གོང་མའི་ལེགས་བཤད་ལྷ་ལམ་གྱི། །མཐའ་འཇལ་གཤོག་རྫོགས་མཁའ་ལྡིང་གཉིས་གཞན་མེད། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གཞལ་ཡས་ཁང༌། །འགྲོ་ལ་མངོན་སུམ་སྟོན་པའི་ཟླ་བ་བཟང༌། །རིན་ཅེན་མཛེས་པའི་དོ་ཤལ་ཉེར་དོར་ནས། །ཕྱག་དར་ཁྲོད་པའི་གོས་ཀྱིས་ཀླུབས་འདི་ཅི། །ས་ཁྱི་གནམ་སའི་དབང་ཕྱུག་བསྟན་