[A:༡༢༢]ཅད་མཁྱེན་པ་རོང་སྟོན་རྗེའི། །ཆོས་གྲར་ཕ་རོལ་བྱད་ཀས་ཉན་པའི་ཚེ། །རྡོ་རྗེ་འཆང་དངོས་བློ་གྲོས་རྒྱལ་མཚན་གྱིས། །བསྟན་པ་ཉམས་གསོས་འཛིན་སྐྱོང་སྤེལ་བ་ལ། །དམ་པ་ཁྱེད་ལས་ལྷག་པ་གཞན་ན་སུ། །མེད་ཅེས་གདན་སར་མངའ་གསོལ་ཆོས་འཁོར་བསྐོར། །མི་མཐུན་གཡུལ་ལས་རྒྱལ་ཕྱིར་བསྟན་སྲུང་གི །སྐུ་བརྙན་ཚོགས་བཞེངས་བདག་ཆེན་རྡོ་རྗེ་འཆང༌། །མཁྱེན་རབ་ཆོས་རྗེ་རྡོ་རིངས་ཀུན་སྤངས་རྗེ། །ཚར་པ་རྗེ་སོགས་བསྟན་འཛིན་ཚོགས་རྣམས་ཀྱིས། །རབ་ཏུ་གནས་ཤིང་དམ་གཞག་མཛད་པའི་ཚེ། །དམ་ཅན་རྒྱ་མཚོ་སྤྲིན་བཞིན་དངོས་སུ་ཐིམ། །སྐུ་ལས་གདུག་པའི་ཁྲག་རྒྱུན་བབས་པ་དང༌། །རྐང་གླིང་འབུད་སོགས་རྣམ་འགྱུར་སྣ་ཚོགས་སྟོན། །རྡོ་རྗེའི་བྲག་རྫོང་ལྟ་བུར་དངོས་སུ་བཞུགས། །བདག་ཆེན་རྡོ་རྗེ་འཆང་གིས་འོད་གསལ་དུ། །སྟོབས་འཕྲོག་དབང་པོས་གཙོར་བྱས་ཆོས་སྲུང་རྣམས། །རིངས་པ་སྤྲིན་བཞིན་འདུ་བར་གཟིགས་པའི་གནས། །དཔལ་ལྡན་རྩེར་ཡང་སྒྲུབ་གནས་མགོན་ཁང་བཞེངས། །རྒྱ་གར་ལྷོ་ཕྱོགས་རི་སུལ་རྣལ་འབྱོར་མས། །གཉེན་ལོར་བྲམ་ཟེ་མངག་གཏད་གནང་བའི་སྐབས། །དཔལ་མགོན་བྲམ་ཟེའི་གཟུགས་སུ་མངོན་སུམ་དུ། །གཉེན་གྱི་བྲན་དུ་བཀའ་བསྒོས་གཡོག་ཏུ་བཏང༌། །བླ་རྡོ་གནང་བ་ཞལ་བཞི་རང་བྱོན་དུ། །གྱུར་པའི་སྐུ་རྟེན་ཁྱད་འཕགས་ངོ་མཚར་ཅན། །འཇམ་མགོན་རིམ་བརྒྱུད་སྐུ་སྲུང་མཛད་པའི་རྟེན། །ཕྱོགས་འདིའི་བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ཇི་ལྟར་གསོལ་བཞིན་རྒྱུན་གྱི་དབང་པོ་ཡི། །ཕ་རོལ་བྱད་ཀ་གནམ་ལྕགས་ཐོག་གིས་བསྒྲལ། །ད་ལྟའི་བར་དུ་ལུགས་གཉིས་ཆེར་འཕེལ་ཏེ། །ཆོས་སྒྲ་དབྱར་གྱི་རྔ་ལྟར་སྒྲོག་པ་འདི། །དམ་པ་ཡབ་