R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༧༩
[A:༣༧༩]བའང་ཡོད་ཚུལ་གྱི་བང་ཕྱིན་བྱུང་བར་ཆག་ལའི་བར་བསུ་མི་རྫོང་བདའ་བྱས་ཤིང༌། ཕེབ་ཉིན་བཀའ་འགྱུར་རིན་པོ་ཆེར་ཆིབས་བསུ་དང༌། དགེ་འདུན་རྣམས་ཀྱིས་སེར་ཕྲེང་བཅས་སྤྱན་དྲངས་ཏེ་ངེས་གསང་ཆོས་འཁོར་བསྐོར་བའི་གཙུག་ལག་ཁང་འདུ་ཁང་གསང་སྔགས་ཕོ་བྲང་དུ་མཆོད་པ་དུ་མའི་དབུས་སུ་བཞུགས་སུ་གསོལ། སྐུ་མདུན་དཔོན་སློབ། ངེད་རང་གི་བླ་མ་གཉིས་སོགས་འགྲུལ་པ་རྣམས་ལ་ཞལ་གྲོའི་སྟོན་མོ་ཞུས། ཕྱི་ཉིན་ནས་བཟུང་སྐུ་མདུན་ཚང་གིས་ཉིན་གསུམ་པར་ཚོགས་ཆེན་ལ་སྟོང་ཆོག་མཛད་སོང་བར་ངེད་ཁུ་དབོན་ཚོགས་དབུར་ཕྱིན་ཞིང༌། སོ་སོ་ནས་བྱང་བུ། བསྔོ་སྨོན་སོགས་བྱས། གྲོལ་ཉིན་རྟ་མང་བ། དྲེའུ། མཛོ་གཡག་སོགས་དུ་མ་དང༌། ཇ་ནག་པོ་འཁོར་དྲུག་སོགས་ཇ་ཕོན་ཆེ་བ། ཁྲབ། གོས་དར་སོགས་སྟེར་སྦྱིན་རྒྱ་ཆེར་མཛད་པར་ཟབ་པ་ཆོས་ཀྱི་དབྱིངས་དང༌། རྒྱ་ཆེ་བ་སེམས་ཅན་གྱི་དོན་དུ་རྒྱས་བཏབ། ཡཀྵི་དགེ་ལེགས་སོགས་འགྲུལ་བསྡེབས་རྣམས་ཀྱིས་ཀྱང༌། རྟ། མཛོ་གཡག །དར་རས་སོགས་ཀྱི་བསྔོ་རྟེན་བྱུང་བ་རྣམས་ཀྱང་མཆོག་གསུམ་དམ་པ་རྣམས་ལ་གསོལ་བ་བཏབ་སྟེ་དམིགས་ཡུལ་རྣམས་ལ་སྐྱབས་འཇུག་བྱས། བླ་མ་མཆོག་ལེགས་ཀྱི་ཚོགས་སུ་སྟོང་ཆོག་མཛད་པར་ཕྱིན་པ། རྟ། ཇ་ཕོན་ཆེ་བ་བྱུང་བར་དམིགས་མེད་འཁོར་གསུམ་ཡང་དག་གི་བསྔོ་སྨོན་བྱས། རྩེ་གདོང་ནས་བདག་ཆེན་རིན་པོ་ཆེ་ཕོ་བྲང་དུ་གོང་ས་ཆེན་པོ་ཡས་ཕྱིན་གྱི་མཇལ་ཁར་ཕེབ་པར་དགོན་གནས་སུ་ཕེབ་དགོས་ཚུལ་གྱི་ཞུ་ཡིག་ཕུལ་ཞིང༌། རིམ་གྱིས་ཆོས་སྡིངས་ནས་ཆིབས་ཁ་བསྒྱུར་བར་ཞབས་དྲུང་དབོན་རིན་པོ་ཆེ་སོགས་ཆོས་སྡེ་ཆེན་པོའི་བླ་ཁག་ལས་ཚན་ལྔ་བཅུ་