R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༨༧
[A:༣༨༧]བཤད་པའི་རྣམ་བཤད་འཁྲུལ་སྤོང་རབ་གསལ་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་སོགས་ཡི་གེ་མང་པོའི་ལུང༌། དབང་གི་ཡེ་ཤེས་ལ་ལོག་པར་རྟོག་པ་དགག་ཅིང་ལྟ་བ་སྐྱོན་མེད་དུ་བསྒྲུབ་པའི་ཕྱིར་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་དམིགས་ཁྲིད་ཤིན་ཏུ་ཞིབ་པ། བསྐྱེད་རིམ་གྱི་དམིགས་ཁྲིད་སེམས་འཛིན་དང་བཅས་པ་ཤིན་ཏུ་ཞིབ་པར་རྫོགས་འཕྲལ། ལམ་དུས་ཀྱི་དབང་བདག་ཆེན་རྡོ་རྗེ་འཆང་གི་ཡིག་ཆའི་ཐོག་ནས་ཕུལ། བུམ་དབང་གི་ནང་བསྐྱེད་རིམ་དང༌། འཕོ་བ་བར་དོའི་བར་ཐམས་ཅད་མཁྱེན་བརྩེའི་ཟིན་བྲིས་བཞིན་དང༌། བུམ་དབང་གི་རྨི་ལམ། བར་དོ། །དབང་གོང་མ་གསུམ་གྱི་ཁྲིད་རིགས་བརྒྱའི་ཁྱབ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ལྔ་པ་ཆེན་པོས་མཛད་པ་ལྟར་བདག་བྱིན་རླབས་རླུང་གཏུམ་མོ་དྲོད་རྟགས་ཀྱི་ཁྲིད། ཕོ་ཉའི་ལམ་ཞེས་པ་འདུས་པ་བར་པ་དཀྱིལ་འཁོར་འཁོར་ལོ་འབྱུང་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམ་པ། ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ཁྲིད་དམ། རྦ་རླབས་གསུམ་གྱི་ཁྲིད་དང་བཅས་པའི་དབང་བཞི་རེ་རེ་ལའང་ལམ། ལྟ་བ། གྲུབ་མཐའ། འདའ་ཁ་མ། བར་དོ། རྨི་ལམ། སྒྱུ་ལུས་དང་བཅས་པ་དབང་པོ་རབ་འབྲིང་ཐ་མའི་ལམ་ཚང་བ་སླ་བཅོས་དང་བཤད་ཡམས་སུ་མ་སོང་བའི་མྱོང་ཁྲིད་དུ་ཕུལ་ཞིང༌། དེ་དག་གི་ཆ་ལག་ཏུ། བདག་མེད་མའི་བྱིན་རླབས། ལམ་སྦས་བཤད། ལམ་ཟབ་ཕྱི་ནང༌། བིར་སྲུང་ཕྱི་ནང༌། རྣམ་འཇོམས་བིར་ལུགས། བརྡ་ཆིག་བརྒྱུད། བརྡ་དོན་གསལ་བ། སྒྲུབ་པ་ལུང་བྱིན། བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པ། གསང་བཅུའི་རྒྱས་གདབ་ཀྱི་བར་ཡོངས་སུ་རྫོགས་པ་རྗེ་བཙུན་གོང་མ་དང་འཇམ་དབྱངས་མཁྱེན་བརྩེའི་ཡི་གེ་ལས་ཇི་