R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༩༡
[A:༣༩༡]ནས་ཟས་ཀྱི་འཕྲོད་བསྟེན། དབྱར་དགུན་གྱི་མལ་ཆ། རྟེན་བཞེངས་ཆེ་བ་བྱེད་སྐབས་རྒྱུ་ཆ་དང་སྟོན་མོ་དཔངས་མཐོ་བ། རིམ་གྲོ་དང་རྟེན་འབྱུང་སོགས་རྒྱུན་མར་བསྒྲུབས་པས་བླ་མ་རྣམས་ཀྱི་ཉེ་གནས་གྱི་མིག་ལྟོས་ལ་ཕན་པ་ཞིག་ཡིན། དཔོན་སློབ་ཚང་མས་དེ་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་ཕ་མ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང༌། བསྟན་འགྲོ་ལ་ཕན་བདེ་འབྱུང་བའི་ཕྱིར་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱས། འདི་སྐབས་སྒོ་མོ་བླ་མ་ཡོན་ཏན་གྱིས་གསུང་ངག་བོད་དུ་འགྱུར་མཛད་ཀྱི་པཎྜི་ཏ་ཆེན་པོ་ག་ཡ་དྷ་ར་དང༌། ཐམས་ཅད་མཁྱེན་པ་འབྲོག་མི་ལོ་ཙཱ་བ། ཤིང་རྟའི་སྲོལ་འབྱེད་རྡོ་རྗེ་འཆང་བླ་ཆེན་ས་སྐྱ་པ་སོགས་ཀྱི་སྐུ་ཁྱད་མཚར་དེ་ཁར་མཁོ་འོང་འདྲ་ཟེར་བསླུར་བཏང་བྱུང་བ་ནི། རིགས་བརྒྱའི་ཁྱབ་བདག་ལྔ་པ་ཆེན་པོས། གསུང་ངག་སློབ་བཤད་ཉིན་བྱེད་དཀྱིལ་འཁོར་རྒྱས། །གངས་ཅན་རྨོངས་པའི་སྨག་རུམ་ཉེར་སངས་ནས། །སྙན་བརྒྱུད་བཤད་སྒྲུབ་སྣང་བ་འོད་པོ་ཆེ། །ཐུབ་བསྟན་མི་ནུབ་དེ་སྲིད་དར་གྱུར་ཅིག །ཅེས་གསུངས་པ་ལྟར་དར་ཞིང་རྒྱས་པའི་རྟེན་འབྲེལ་དུ་སེམས། ཆོས་ར་གྲོལ་ནས་ཀློང་ནག་སྐུ་སྐྱེ་བླ་མ་མཆོག་ལེགས། །ཆེ་བ་བླ་མ་མཁྱེན་རབ་དང༌། མཁྱེན་རབ་ཕུན་ཚོགས་སོགས་འགྲུལ་པ་མང་ཙམ་ཕྱིར་ལོག་པར་བྱིན་རྟེན་དང༌། གོས་སྣམ་སོགས་སྟེར་ཆ་དང༌། བསྟན་པའི་ཞབས་འདེགས་ལ་བརྩོན་པ་དགོས་ཚུལ་གྱི་བཀོད་པ་བཅས་བརྫོངས། སྒོམ་ཁང་ནས་ཚ་བོ་ཆོས་མཛད་མཆེད་ཀྱིས་གྲྭ་བསྒྲིགས་མཛད་དེ། གྲྭ་རིགས་རྣམས་རྟེན་འབྱུང་དུ་བྱུང་བར་ངོས་འཕྲད་དང་རྗེས་གནང་སོགས་བྱས་ཤིང༌། མགོན་