[A:༡༥༣]མ་གྲུབ་པའི། ངེད་ལ་གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་དངུལ་གདུང་སོགས་རྟེན་བཞེངས་དང༌། དགོངས་རྫོགས་ཀྱི་རིམ་པ། དགོན་པའི་འཛིན་སྐྱོང་སོགས་ཞིབ་པར་བཀའ་གནང་ནས། གོང་མ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕེབ་བཞེད་ཀྱི་ཟླ་བ་གསུམ་པའི་ཚེས་ཉི་ཤུའི་ཉིན་ནམ་མཁའ་ནས་སྒྲ་ཤིན་ཏུ་ཆེ་བ་འོད་དཀར་པོ་ནུབ་ཏུ་རྒྱུག་པ་དང་བཅས་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། བདག་ཅག་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་གདོང་མཆི་མས་ཁེངས་པ་དང༌། ལ་ལ་དྲན་མེད་དུ་བརྒྱལ་བར་གྱུར་ཏོ། །དམ་པའི་རྒྱལ་ཚབ་རྗེ་དབོན་རིགས་བརྒྱའི་བདག །གཟུགས་སྐུ་བདེ་ཆེན་ཞིང་དུ་བསྡུས་པའི་ཚེ། །བདག་ལ་ལུགས་གཉིས་བསླབ་ཆའི་ཞལ་གདམས་སྩལ། །འོད་དཀར་སྒྲ་དང་བཅས་ཏེ་མཁའ་ལ་བྱོན། །སྐྱབས་གཅིག་ཐུགས་རྗེའི་འོད་སྟོང་ལྡན་པ་དེ། །ཆོས་དབྱིངས་ནུབ་རིའི་ཕག་ཏུ་གཟིམས་པ་ན། །མོས་གུས་ཟེའུ་འབྲུ་རྒྱས་པའི་ཆུ་སྐྱེས་བདག །མྱ་ངན་གདུང་བའི་སེམས་ཀྱི་འདབ་མ་ཟུམ། །དེ་ལྟར་ཁུ་དབོན་ཟུང་གི་དགོངས་པའི་མཐའ། །མཐའ་བྲལ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་ཆེད། །ཆེད་དུ་ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ། །དུ་མར་ཡིད་ཀྱི་སྤྲུལ་དང་མངོན་སུམ་བསྒྲུབས། །དེ་ནས་ཚང་མ་གྲོས་དང་བཅས་ཏེ་སྐུ་གདུང་རིན་པོ་ཆེར་ཆས་ཞུགས་ཕུལ་ཏེ། མེ་ཏོག །སྤོས། མར་མེ་བརྒྱ་ཕྲག་དུ་མ་དང༌། མཎྜལ། བླ་བྲེ། འཕེན། གདུགས། རོལ་མོ་སོགས་མཆོད་པའི་བྱེ་བྲག་མཐོང་བ་ཙམ་གྱིས་ཡིད་འཁུལ་བ་བཤམས། བླ་མ་སངས་རྒྱས་ལ་གསག་སྦྱང་ག་ལ་དགོས་ཀྱང་གདུལ་བྱ་རྣམས་