R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༡༤
[A:༡༡༤]ལྔ་རིག་མཁས་པའི་གཙུག་རྒྱན་ངག་དབང་བསྟན། །མཁས་དང་གྲུབ་པའི་དབང་ཕྱུག་བསྟན་འཛིན་དབང༌། །ཡོངས་འཛིན་བཀའ་དྲིན་ཅན་རྣམས་དང་བས་བསྔགས། །རྒྱ་ཆེན་མདོ་རྒྱུད་ཚངས་པའི་རལ་ཀླུང་ལས། །ལེགས་འོངས་ཟབ་རྒྱས་དམ་ཆོས་ཛ་ཧུའི་རྒྱུན། །འཛམ་གླིང་རྒྱ་མཚོའི་གོས་ཅན་ཁྱོན་འབེབས་པའི། །འཕགས་བོད་མཁས་གྲུབ་ཚོགས་རྣམས་ཕྱག་གི་གནས། །མཚན་ཙམ་དྲན་པས་དུས་མིན་འཆི་བ་ལས། །རྒྱལ་མཛད་ཚེ་མཐའ་ཡས་པའི་མགོན་པོ་གང༌། །འབྲལ་མེད་བདེ་ཆེན་འཁོར་ལོའི་ཅོད་པན་དུ། །བཞུགས་ལ་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ། །རྒྱལ་བའི་ཡེ་ཤེས་གཅིག་བསྡུས་ཁྲོ་ཆགས་སྐུ། །གར་དགུའི་ཉམས་ལྡན་དགྱེས་མཛད་རྡོ་རྗེ་དང༌། །མཁའ་སྤྱོད་ཞིང་གི་རྡོ་རྗེ་བཙུན་མོ་སོགས། །ཡི་དམ་ལྷ་ཡི་ཚོགས་ལ་སྙིང་ནས་འདུད། །ཚོགས་གཉིས་རྟ་ལྗང་དབང་པོས་ཉེར་དྲངས་པའི། །མཚན་དཔེའི་དཀྱིལ་འཁོར་རྒྱས་པའི་ཉིན་བྱེད་དབང༌། །འགྲོ་འདྀ་ཡིད་མཁར་ཤར་ཚེ་མི་མཐུན་སྨག །ཕ་མཐར་མཛད་པའི་ཟས་གཙང་སྲས་དེས་སྐྱོངས། །ཡིད་འོངས་པདྨ་རཱ་གའི་ལྷུན་པོའི་སྤོར། །ཉི་གཞོན་འོད་ཀྱིས་ལན་བརྒྱར་བྱུགས་འདྲའི་སྐུ། །དྲན་པས་ཁམས་གསུམ་དབང་སྡུད་ལྷ་གསུམ་གྱིས། །སྲིད་ཞིའི་དཔལ་འབྱོར་དབྱར་མཚོར་འགྲན་པར་མཛོད། །བགྲང་ཡས་བསྟན་སྲུང་དེད་དཔོན་གུར་གྱི་མགོན། །བསྟན་དགྲ་ཚར་གཅོད་སྟོབས་འཕྲོག་གདོང་བཞི་པ། །སྲིད་གསུམ་བདག་མོ་རྡོ་རྗེ་རབ་བརྟན་སོགས། །བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱིས་དགེ་ལེགས་སྩོལ། །རབ་དཀར་ཀེ་ལ་ཤ་ཡི་མདངས་