R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༦༩
[A:༡༦༩]རྟོགས་པ་བདུན་དང་ལྡན་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ། རྒྱུད་གསུམ་གྱི་ཁྲིད་ཀྱི་རིགས་གླེགས་བམ་དང༌། པོད་དམར་མ་གཉིས་ཀྱི་ལུང༌། ནང་བསྐྱེད་རིམ་གྱི་སྔོན་འགྲོར་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། གསང་དབང་གི་སྔོན་འགྲོར་མཁའ་སྤྱོད་གཙོ་མོའི་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས། བིར་སྲུང༌། ལམ་ཟབ་ཀྱི་ཁྲིད་སྔོན་དུ་འགྲོ་བའི་བྱིན་རླབས། ཐུན་མོང་བ་གྲོལ་དབང་ལ་གྲུབ་ཐོབ་ཆེན་པོའི་ལུགས་ཀྱི་ཚེ་དབང་བཅས་གྲུབ་པས་ཐམས་ཅད་ཀྱི་བློའི་རེ་བ་ཡོངས་སུ་གང་བར་གྱུར་ཏོ། །དེ་འཕྲལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྦུངས་སུ་རིགས་བརྒྱའི་ཁྱབ་བདག་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོར་ཕྱག་དབང་ཞུ་བ་དང༌། པོ་ཏ་ལར་ས་དབང་ཆེན་པོའི་མཇལ་ཁར་ཕྱིན། སྡེ་སྲིད་སྐུ་ཞབས་ཀྱི་མཇལ་ཁ་ཞུས། བསླབ་སྟོན་ལྟར་འབྲས་སྤུངས་སུ་མཇལ་ཁ་ཕྱག་དབང་རྒྱས་ཤིང༌། དྲི་བ་ཞིབ་ཏུ་སྩལ། མགོན་པོ་ཕྱག་དྲུག་པའི་དབང་བཞི་བྱིན་རླབས་ཀྱི་ཚུལ་ཚར་ཆེན་གྱི་ཡིག་ཆའི་ཐོག་ནས་སྨིན་རྒྱས་སྩལ། གནང་སྦྱིན་དཔངས་མཐོ་བ་བཀའ་དྲིན་བསྐྱངས་ཏེ་ལྷ་སར་འབྱོར། ཐོན་ཕྱག་ཞུས། བདག་རྐྱེན་གཞན་དང་མི་འདྲ་བ་བཀའ་དྲིན་བསྐྱངས་ཏེ་རང་གནས་སུ་སླེབ། དུས་དྲན་མཆོད་པ་སོགས་ཆོས་སྡེ་ཆེན་པོའི་ལུགས་གཉིས་ཀྱི་འཕྲལ་སེལ་ངེད་རང་དང་དགོན་ཁག་སོ་སོར་གཅུང་རེན་པོ་ཆེ་ཕེབ་སྟེ་གྲྭ་རིགས་ཡོན་བདག་སོ་སོའི་འདོད་ཁ་སྐོང་བར་མཛད།། ༈ ཤིང་ལུག་ལོར་གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་གདུང་ལ་རང་བྱོན་དུ་བྱུང་བ་རིང་བསྲེལ་ནང་གཞུག་ཁྲོད་ལ་མ་སོང་