[A:༡༧༡]ཐོད་ཀྱི་ཚལ་པར་བདེ་མཆོག་གི་སྙིང་པོ་བྱོན་པ། དཔལ་མགོན་ལ་གདུང་རུས་སུ་དཔལ་མགོན་བྲམ་གཟུགས་དང༌། ཨ་འབུར་དོད་དུ་བྱོན་པ། རབ་བརྟན་མར་གདུང་རུས་ལ་རབ་བརྟན་མ་དང༌། ཧཱུྃ་འབུར་དོད་དུ་བྱོན་པ། རྣམ་སྲས་ལ་གདུང་རུས་ལས་བྱོན་པའི་རྣམ་སྲས་དང༌། ཛམྦྷ་ལ་རང་བྱོན། ཐམས་ཅད་ལ་གོང་མའི་རིང་བསྲེལ་གསུམ་རེ། རྫོགས་པའི་སངས་རྒྱས་ཀྱི་རིང་བསྲེལ། ཆོས་འཕགས་ཀྱི་ཚེམས་ཀྱི་དུམ་བུ་རེ། ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དང༌། དབུ་སྐྲ། ཟབ་བེར། སྐྱེ་བདུན་རིལ་བུ། བཻ་རོའི་ཤོག་སེར། བིརྺ་པའི་བདུད་རྩིའི་རིལ་བུ། ནཱ་རོའི་སྐུ་རྒྱན་གྱི་རུས་ཕྲེང་ནས་རྡོག་རེ། ཇོ་བོའི་ཤངས་མཚལ་དང་དབུ་ཞྭའི་དུམ་བུ། གོང་མ་ལྔ་དང༌། བུ་སྟོན་ཡབ་སྲས། ངོར་ཆེན་ཡབ་སྲས། མཁྱེན་རབ་རྗེ་ཁུ་དབོན་སོགས་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་གདུང་རུས། དབུ་ལོ། ན་བཟའ། དམ་རྫས། སྤུར་རས། སྤུར་ཐལ། སྐུ་མཚལ་དང་སྐུ་ཞུན་གྱི་རིལ་བུ། རིང་བསྲེལ་རྣམ་པ་བཞི། གནོད་སྦྱིན་འཁོར་ལོ་དང་བཅས་པ་གཞུག་པའི་གཟུངས་གཞུག་ཀྱི་ཕྱག་ལེན་དངོས་གཙང་བར་གྲུབ་ཅིང༌། ཕྲ་རྒྱན་དུ་མེ་ཤེལ། ཆུ་ཤེལ། མུ་ཏིག །གསེར་དངུལ་སོགས་ཀྱི་སྐུ་རྒྱན་དང་ཕྱག་མཚན་བཅས་བཟོ་བཀོད་ཕུན་སུམ་ཚོགས་པ་ཀུན་གྱི་མཐོང་ཡུལ་དུ་གྱུར་པ་རྣམས། ལས་རྒྱུན་ལོ་གཅིག་གི་རིང་དུ་སྤྲུལ་པའི་བཟོ་བོས་བསྒྲུབས་ཤིང༌། ཡོན་གོས་དར། དངུལ། ཇ། རྟ་སོགས་ཀྱིས་མཉེས་པར་བྱས་ཤིང༌། ངེད་རང་ནས་མགོན་ཁང་གི་རབ་གནས་ནས་བཤད་པ་བཞིན་ཞག་གསུམ་དུ་བསྒྲུབས་ཤིང་མངའ་གསོལ་བཀྲ་ཤིས་