R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༡༧
[A:༡༡༧]གས་ནས་གསེར་གྱི་བྱམས་པ་ཁྲུ་གང་པ་ཞིག་བྱོན་པ་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔར་བཞུགས་སུ་གསོལ་བའི་བྱམས་ཆེན་དང་ཉེ་སྲས་འཁོར་བཅས་བཞུགས་པའི་ཁྲགས་གོང་མའི་གནས་ཀྱི་གཙོ་བོ་ལུག་ལྷས་གསེར་གྱི་ལྷ་ཁང་དང་ཉེ་བ་ན། རྒྱལ་བ་འབྲོམ་གྱི་ཞབས་ཀྱིས་བཅགས་ཤིང་དགེ་བའི་བཤེས་གཉེན་རི་མཁར་བའི་གནས་བསམ་འགྲུབ་རི་མཁར་དུ་རིགས་རུས་དགེ་བ་ཞྭ་ལུ་དཔོན་ཆེན་གྱི་བརྒྱུད་པ་ཡིན་ཚུལ་སོགས་རྒྱུ་མཚན་ཅུང་ཟད་བརྗོད་པར་ནི་འདི་སྐད་དུ།། ༈ ཉེར་ལེན་མངལ་སྐྱེས་སྲིད་པའི་སྒོར་ཞུགས་ཕྱིན། །རང་རང་རིགས་ཀྱི་བརྗོད་ཚུལ་ཅུང་ཟད་ཙམ། །མཆོག་དམན་ལུས་ཅན་སྐྱེ་བོར་ཡོད་མོད་ཕྱིར། །སྔ་རབས་རིགས་ཀྱི་གླིང་སློང་མཚར་དུ་ཅི། །འོན་ཀྱང་གདོང་དུམ་ཕལ་ལ་དྲི་བསུང་གིས། །བྱུགས་ཏེ་བཞི་མདོའི་ཚོང་འདུས་སྐྱེ་བོའི་མིར། །བསྔགས་བརྗོད་ཙནྡན་གྱིས་བསྐུལ་ཟོལ་ཟོག་གི །ཆེ་ཁྱད་རིན་ཐང་ལེན་འདོད་མ་ལགས་པར། །འོད་གསལ་འཆི་མེད་ལྷ་ཡི་ལྡིང་ཁང་ལས། །འོངས་པའི་མེས་ཕོ་གནམ་ལྷ་སྤྱི་རིངས་ནས། །བདག་གི་ཡབ་རྗེ་སྦས་པའི་རྣལ་འབྱོར་བར། །མ་ཉམས་རིགས་ཀྱི་ཆེ་བ་དྲང་པོའི་གཏམ། །དམ་པའི་ཕྱག་སྲོལ་ལ་འདྲེན་འདི་སྐད་དོ། །འོད་གསལ་ལྷ་དབང་གོམ་རྩེ་རྒྱལ་པོ་ཡི། །ཀླུ་བཟའ་ཁབ་བསྟེན་ཉི་ཟེར་འཕྲུལ་རྒྱལ་བྱུང༌། །དེ་སྲས་བདུན་བྱུང་ཐུ་བོས་གནས་སྐས་ལས། །བབས་ཏེ་སྟག་གཟིག་རྒྱལ་པོ་མཆེ་ཕྲེང་གྲགས། །སྲས་གསུམ་བྱུང་བའི་དང་པོ་བར་ལོ་ཡི། །ཧོར་ཡུལ་ལ་གཤེགས་ཧོར་གྱི་རྒྱལ་པོར་གྱུར། །བར་པ་ནན་ལོས་རྒྱ་ནག་རྒྱལ་སྲིད་བཟུང༌། །མེ་ལོང་གདོང་ཞེས་འཛམ་གླིང་སུམ་གཉིས་བསྐྱངས། །གསུམ་པ་