R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༡༩
[A:༡༡༩]ཅིང་རྒྱན་གོང་གཙུག་ལག་ཁང༌། །བཞེངས་ཏེ་སངས་རྒྱས་བསྟན་པའི་མེ་རོ་གསོས། །རང་ཉིད་ཀྱིས་ཀྱང་གཙུག་ལག་ཁང་ཆེན་དང༌། །ཆོས་གྲྭ་བཞེངས་པར་དགོངས་ཏེ་ལོ་སྟོན་ལ། །མདའ་སྦུགས་གསེར་གྱིས་བཀང་སྟེ་ལུང་བསྟན་ཞུས། །བབས་པའི་གནས་དེར་ཞྭ་ལུའི་ཆོས་གྲྭ་བཏབ། །རྡོ་རྗེ་གདན་ནས་སློབ་དཔོན་ཨ་བྷ་ཡར། །བསྙེན་པར་རྫོགས་ཏེ་འཕགས་མཆོག་སྤྱན་རས་གཟིགས། །སྤྱན་དྲངས་གནྡྷོ་ལ་ཡི་གཙོ་བོར་བཞུགས། །སངས་རྒྱས་གཉིས་པ་ཇོ་བོ་ཆེན་པོ་ཡི། །རབ་གནས་མཛད་པས་རྟེན་ལ་ཕྱག་ནས་ཆགས། །ཇོ་བོའི་ལུང་བཞིན་ཆུ་བོ་སིདྡྷ་ནས། །འཇིག་རྟེན་དབང་ཕྱུག་རང་བྱོན་སྤྱན་དྲངས་ཏེ། །རྒྱལ་བའི་བསྟན་པ་ཉི་འོད་བཞིན་དུ་གསལ། །ཤིན་ཏུ་ཆེ་བའི་ལས་ཀ་བཞི་དང་ལྡན། །གཡུ་སྒྲའི་སྲས་ལ་ལྕེ་འབུམ་དེ་ཡི་སྲས། །འབུམ་ཡེའི་སྲས་ལ་འབུམ་དར་བྱ་བ་བྱུང༌། །མངའ་རིས་ཁྲི་སྐོར་ཙམ་ཞིག་དབང་དུ་བསྡུས། །དེ་ལས་འབུམ་རྟེན་དེ་སྲས་སང་ཡེ་བྱུང༌། །འདི་ལ་ཆོས་ཀྱི་རྒྱལ་པོ་འཕགས་པ་ཡི། །ཞྭ་ལུ་ཁྲི་དཔོན་ཞེས་པའི་གསེར་ཡིག་གནང༌། །ཁྲི་དཔོན་ཀུན་ལས་ཆེ་བར་མངའ་དབང་བསྐུར། །དེ་སྲས་རྔ་སྒྲ་ལ་སོགས་ལྕམ་སྲིང་དྲུག །བྱུང་བའི་མ་གཅིག་ལྷ་ལྕམ་མཁའ་འགྲོ་འབུམ། །ས་སྐྱར་འགྲོ་མགོན་ཕྱག་ནའི་ཁབ་ཏུ་བཞེས། །སྲས་མཆོག་དྷརྨ་ཕཱ་ལ་རཀྵི་ཏ། །འཁྲུངས་ནས་སྐུ་ཞང་ཞེས་གྲགས་བཀུར་སྟིར་མཛད། །གོང་མའི་ལུང་ལས་དཔལ་ལྡན་ས་སྐྱ་པའི། །སྐུ་ཞང་ཡིན་ཕྱིན་ངེད་ཀྱི་ཞང་པོ་ཡང༌། །ཡིན་དུ་ཆུག་ཅེས་མངའ་འབངས་འཁོར་གཡོག་སོགས། །ཤེས་སུ་བཅུག་པའི་འཇའ་ས་གསེར་ཡིག་གནང༌། །དེ་སྲས་སྐུ་