R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༣༢
[A:༤༣༢] ངེད་ད་ལམ་རང་སྐྱོན་མི་འོང༌། དགོན་གནས་སུ་མ་ཕེབ་པར་ཡུན་རིང་བ་བཅས་གྲ་སྒྲིག་ཏུ་ཕེབ་པ་རང་འགབ་ཚུལ་ཕེབ་སོང་བས་ཕེབ་པའི་སྒོ་དོད་ཅིང༌། སྤྲུལ་པའི་སྐུ་ཆིབས་ཁ་བསྒྱུར་ཉིན་སྤྱི་དང་བྱེ་བྲག་གི་བསྟན་པའི་འཛིན་སྐྱོང་ལ་ཐུགས་བསྐྱེད་རྒྱ་ཆེ་བ་དགོས་ཚུལ་སོགས་ལུགས་ཟུང་དང་འབྲེལ་བའི་བསླབ་སྟོན་མཐར་ཕྱིན་པ་བཀའ་དྲིན་བསྐྱངས་ཏེ་ཕེབ་སོངས་སྐབས་མེས་དབོན་གཉིས་ཁར་སྔར་དང་མི་འདྲ་བའི་ཐུགས་འཕྲེང་ཉམས་ཤིན་ཏུ་ཆེ་བར་བྱུང་སོང་བ། སྐུ་ཚེ་འདིར་མཇལ་འཛོམ་གྱི་མཐའ་མར་གྱུར་པའི་ལྟས་སུ་འདུག །མཆོག་སྤྲུལ་རིན་པོ་ཆེ་ཕྱིར་ཕེབ་སྐབས། ངེད་ལ་བསླབ་སྟོན་གཟིམས་ཆུང་ཤོད་དུ་ཕྱིན་པ་འགབ་ཚུལ་ཕེབ་པ་ལྟར་ཕྱིན་སྐབས། འདིའི་རིང་ཆོས་རྗེ་རིན་པོ་ཆེར་བསླབ་སྟོན་ཕེབ་པ་ཕྱིས་སུ་གསུང་འཕྲོས་བྱུང་བར། དབོན་འདི་ལ་རེ་ཞིག་དཀའ་ལས་ཆེན་པོ་རྒྱུན་མི་འཆད་ཅིག་འོང་བར་འདུག་སྟེ། ད་བར་ངེད་ཀྱི་ཆུ་རགས་ལྟ་བུར་བྱུང་སོང་ཕེབ་པ་དམ་པ་འདིའི་སྐུའི་དྲི་མ་དང་བྲལ་ཚུན་ཆད། གཙོ་བོར་རྐྱེན་ཙག་མང་ལ་ཟོས་མི་བདེ་བ་སོགས་གང་སྤྱི་ནས་ཇི་ལྟར་བཀའ་སྩལ་བཞིན་ཐོག་ཏུ་ཁེལ་བ་ཁོ་ནར་བྱུང་ངོ༌། །འདྲེན་པ་གང་གིས་ཡེ་ཤེས་གཟིགས་པ་ཆེས། །སྤྱི་དང་བྱེ་བྲག་བསྟན་པ་འཕེལ་འགྲིབས་སོགས། །འབྱུང་ཚུལ་ཇི་བཞིན་ལུང་བསྟན་གསལ་གྱུར་ཚེ། །པདྨ་འབྱུང་གནས་ཉིད་དང་དབྱེར་མ་མཆིས། །ད་དུང་ཀྱང་གཙོ་བོར་ཆོས་རྗེ་རིན་པོ་ཆེ་དང་ངེད་ཞབས་འབྲིང་རྣམས་ཀྱིས་ཞིང་ཁམས་གཞན་དུ་དགོངས་པ་གཏད་ན་མི་འགབ་ཚུལ་ལན་གཅིག་མ་ཡིན་པ་ཡང་ཡང་ནན་གྱིས་ཞུས་པར་དགོངས་པ་མ་དོར་བ་ལྟ་བུས་གཞན་དོན་དུ་གཤེགས་པར་རིམ་འགྱངས་སུ་གྱུར་ཅིང༌། འཚོ་མཛད་གཅེས་གཅེས་ལགས་སྐུ་མཆེད་གཞན་