R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༦༣
[A:༥༦༣]སློབ་གཉིས། རྟ་ར་མདོའི་ཨ་མཆོད་པ། བཀའ་ཀུན་བསམ། ལྕགས་ཟམ་པ་བསྟན་འཛིན་བཟང་པོ་བཅས་པར་ནཱ་རོ་མཁའ་སྤྱོད་མའི་ཁྲིད་སྨིན་པར་ཕུལ། ངེད་རང་གིས་མཁན་སློབ་སྦྲགས། བཀའ་ངག་རབ་ལགས་ཀྱིས་གསང་སྟོན། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས། དགེ་སློང་སྣང་བྱེད། དགེ་སློང་བློ་ཤེས་རྣམས་ཀྱིས་གྲོགས་དན་ཁ་སྐོང༌། དུས་བསྒོ་མཛད་པའི་དགེ་སློང་བསོད་ནམས་རིན་ཆེན་སོགས་བསྒྲུབ་ཁག་གཅིག་ལ་བསྙེན་རྫོགས་བྱས། སྡེ་པ་ཨོ་རོང་པའི་བླ་མ་ཨ་མཆོད་སྤྱན་གཡས་དགེ་སློང་གཅིག་ལ་རིག་བྱེད་མ། འདོད་རྒྱལ། འཇམ་དཔལ་ནག་པོ། སེང་གེ་སྒྲ་རྣམས་ཀྱི་རྗེས་གནང༌། དར་གླིང་པ་ལྔ་ལ་མགོན་པོ་ཕྱག་བཞི་པ་ལྷ་མང་གི་རྗེས་གནང༌། གཡའ་བཟང་པ་གསུམ་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་རྣམས་བསྐུར། དགེ་སློང་བློ་ཤེས། ཆོས་ལྡན་བཟང་པོ། ནང་སོ་ཀུན་དགའ་བསོད་ནམས་སོགས་རང་གྲྭ་བཞི་བཅུ་སྐོར་ལ་གཟིམས་ཆུང་འཁོར་ཕིབས་སུ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་སྔོན་དུ་འགྲོ་བའི་ཁྲིད་ཤིན་ཏུ་རྒྱས་པ། ཞལ་ཤེས་གསུམ་དང་བཅས་པ་ཞག་ཉི་ཤུ་སྐོར་ལ་ཚང་བར་ཕུལ། དེ་དག་གི་སྔ་ཕྱིར་ཇོ་བསྟན་ཚོགས་པ་ཉི་ཤུ། དར་གླིང་པ་འགའ་ཞིག་བཅས་པར་བླ་མ་ལྷ་ཁང་དུ་སྒྲོལ་མ་ཉེར་གཅིག་ཇོ་བོ་ལུགས་ཀྱི་རྗེས་གནང་དང༌། ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲོལ་མ་ནོར་སྦྱིན་མ་གཙོ་འཁོར་གྱི་རྗེས་གནང༌། སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད་པཎ་ཆེན་ལུགས། ཡང་གང་སྟེང་དུ་རིན་བོ་ཆོས་གླིང་པ་སུམ་ཅུ་ཙམ་དང༌། དར་གླིང་པ། ལེན་མཁར་དཔོན་སློབ། རང་གྲྭ་ཕྱེད་ཉིས་བརྒྱ་སྐོར་བཅས་ལ་བླ་མ་ལྷ་ཁང་དུ་ཕྱག་དྲུག་པ་བཀའ་བཅུ་