[A:༦༢༢] བཀའ་ཀུན་བཟང་དོན་གྲུབ་ཀྱིས་རིང་འཚོའི་རྟེན་འབྱུང་གྲྭ་དམངས་ཐམས་ཅད་ཀྱིས་གནང་བར། དཔོན་སློབ་སངས་རྒྱས་རྒྱལ་མཚན་གྱིས་རྫས་བརྒྱད་འབུལ་བ་སོགས་གསུང་བཤད་རྒྱས་པར་གནང༌། དེ་མཚུངས་ཀུན་དགའ་ཐབས་མཁས་ཀྱིས་ཀྱང་རྒྱས་པར་བྱས་པ་སྔར་ལྟར་གསུང་ཆོག །ཚོང་འདུས་ཚོགས་མཁན་སློབ་ཡོངས་རྫོགས་ནས་ཚེ་དཔག་མེད་ཀྱི་གསུང་ཆོག་དང་འབྲེལ་བའི་སྤྱི་སྒོས་ཐམས་ཅད་ནས་ཚན་གྲངས་སོགས་རྒྱས་པའི་སྒོ་ནས་མཁན་རིན་པོ་ཆེས་གསུང་བཤད། རབ་བྱུང་བ་སྤྱི་ཚོགས་ནས་མཎྜལ་རྒྱས་པ་དང་བཅས་ཚེ་དཔག་མེད་ཀྱི་གསུང་ཆོག་དང་འབྲེལ་བ་རབ་བྱུང་མཁན་རིན་པོ་ཆེས་གསུང་བཤད་རྒྱས་པར་གནང་ཞིང༌། བཀྲ་ཤིས་ཆོས་སྡེ་ནས་འ་ཞྭའི་རྡོ་རྗེ་འཛིན་པ་ཆེན་པོ་དཔོན་སློབ་བཅུ་གསུམ་ཕེབ་པས་གཟིམས་ཆུང་དུ་སྒྲོལ་དཀར་དང་འབྲེལ་བའི་རྟེན་འབྱུང༌། དཔོན་རིན་པོ་ཆེས་མཎྜལ་ཞལ་བཞེས་ཀྱི་གསུང་བཤད་སྩལ་བས་སྔ་རྟིང་ཐམས་ཅད་དུ་རྟེན་འབྲེལ་འགྲིགས་པར་བྱུང༌། ཁོང་དཔོན་སློབ་ལ་ལམ་དབང༌། མཁའ་སྤྱོད་མའི་ལུང་ཁ་ཤས་ཕུལ། ལྷ་ཚེས་ལ་ཆོས་སྐྱོང་ཆེན་པོ་ཕེབ་པར་ཕྲིན་བཅོལ་ཞུ་བར་ཕྱིན་པར་ཁ་བཏགས་ལེགས་པ། གསེར་ཞོ། ཧུ་ཇ་བར་ཁག་བཅས་སྩལ་བས་པདྨ་འོད་ཀྱི་གཞལ་ཡས་སུ་སློབ་དཔོན་ཆེན་པོས་ཆོས་འཁོར་བསྐོར་བ་དང་འདྲ་བར་བྱུང་ཞེས་ཤིན་ཏུ་དགྱེས་པའི་ལེགས་སོ་སྩལ། རྡོར་ཕྲེང་གྲོལ་བསྟུན་ངོར་པའི་བླ་མ་སྡེ་དགེར་ཕེབ་མི་ཞིག་ལ་སྡེ་དགེ་དཔོན་གཟུངས་རྒྱལ་ནས་དགོས་ཚུལ་གནང་བ་ལྟར་བདེ་མཆོག་དཀར་པོའི་བྱིན་རླབས། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་བརྒྱ་དང་ཞེ་གསུམ། པོད་གཞུང་