[A:༥༢༨]གེ་རེ་ཆོས་མཛད་ཀུན་དགའ་ཆོས་ཀྱི་ཉི་མ། དགེ་སློང་བློ་ཤེས་སོགས་སུམ་ཅུ་སྐོར་ཕེབ། རྣམ་སྣང་སྐུ་མདུན་དུ་མཇལ། དེ་ནས་ནམ་གསེང་ལ་ཐོན་པར་བྱས། གྲྭ་པ་རྣམས་རྩེར་ཞྭ་མཚལ་མདོག་ཞེ་གཅིག་པ། ཞབས་དྲུང་ཨོ་སྒྲོན་ལགས་སོགས་སྒར་སྦུགས་ཁ་ཤས་བཅས་སྤྲོ་སག་གེ་ཕྱིན། མཁར་ཐོག་ཏུ་བཀྲ་ཤིས་མཐོང་སྨོན་ཆོས་མཛད་དཔོན་གཡོག་གསུམ་ཀྱང་ཕེབ། རས་ཆུང་ཕུག་གི་མདའ་ལྷ་ལུད་ཞིང་གི་སྟེང་དུ་གཡབ་དཀར་ཕུབ་པས་ཆོས་སྡེའི་ཐབ་བསུ་འདུག །དེར་རྟ་བབས། ཅུང་ཞིག་བཞུགས། རས་ཆུང་ཕུག་གི་གཉེར་པས་ཀྱང་ཇ་ཆང་དཀར་སྤྲོ་ཚན་གྲངས་རྒྱས་པར་འདུག །བྲེ་ཁ་བ་རྣམས་ཀྱང་ཞོ་སོགས་དང་བཅས་མཇལ་བར་བྱུང༌། དེ་ནས་བཀྲ་ཤིས་དགེ་མཚན་དུ་མ་ལྡན་པའི་ཆོས་གྲྭ་ཆེན་པོའི་འདབས་ཉེ་བར་སླེབས་དུས་གཟིམས་ཆུང་མགོན་ཁང་སྟེང་ནས་དུང་ཆེན། རྒྱ་གླིང༌། གྲྭ་དམངས་རྣམས་འཕན་གདུགས། ཚོགས་དུང་སོགས་ཕྱག་མཚན་གཟབ་སྤྲོད་ཀྱི་སེར་སྦྲེངས་བྱིན་ཆགས་པ་ཤས་གཡུལ་གྱི་ཐད་དུ་སླེབས། རྡོ་རྗེ་སློབ་དཔོན་དགེ་སློང་ཆོས་གྲགས་ལགས་སྤོས་ཆགས་དང་བཅས་བསུ་བའི་བཀོད་པ་ཕུན་སུམ་ཚོགས་པས་བསུས། བླ་གཡེལ་མཐིལ་དབང་སྟེགས་ལ་ཧོར་འདུག་བྱས། སྐྱ་སེར་ཐམས་ཅད་ལ་ཕྱག་དབང་ཕུལ། སྨན་ལུང་ནས་གཟིམས་ཆུང་དུ་མ་སླེབས་པར་བློ་གསལ་མང་ཐོས་མ་སྟོང་ཕྲག་གཅིག་སོང༌། རྡོ་སྟེགས་ལ་འགྲོ་བའི་དུས་སྣང་བ་བན་མ་བུན་འདི་ཡིན་མེད་པའི་ཕྱོད་དེ་བའང་བྱུང༌། ཐོག་མར་གཟིམས་ཆུང་འཁོར་ཕིབས་སུ་སྒྲེས་པ་རྣམས་དང་བཅས་བཞུགས་གྲལ་དུ་ཞོ་དང་གསོལ་ཇ་རྒྱས་པར་འདུག་ཅིང༌། དེ་ནས་ཉི་དྲོས་ཐོག་གཉན་སྟོན་མཆོག་གི་སྤྲུལ་པའི་ཟློས་གར་རྒྱལ་དབང་