R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༢༩
[A:༥༢༩]རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་ཡབ་སྲས་ཀྱི་སེང་གེའི་ཁྲི་ག་ལ་བ་དེར་མགྲིན་བཟང་གཟིགས་ལྤགས་ཅན་གྱི་རྣམ་པར་ཐར་བ་བཟུང་ནས་ཐེ་ཚོམ་མེད་པར་འཛེགས། འདུས་པའི་ཚོགས་ཀྱིས་བླ་མ་གོང་མའི་གསོལ་འདེབས་སྔོན་དུ་འགྲོ་བའི་ཞལ་འདོན་བྱིན་ཆགས་པ་སྣང་བ་འགྱུར་ངེས་གནང༌། ཇ་མཆོད་ཕུན་ཚོགས་འདོད་དགུ་མ་གྱེར། སྤྱི་སོ་ ནས་སྟོན་མོ་གཟབ་རྒྱས་ཕོག་ཞལ་དཀར་གྱི་དབུལ་བ། དེ་ཐོག་གྲྭ་པ་སོ་སོའི་མཇལ་དར་བཏང༌། དགེ་སློང་བློ་ཤེས་ཀྱིས་ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་སྟེང་ནས་བཤད་པ་རྒྱས་པར་གནང༌། ཞག་འགའ་ཞིག་གི་བར་དུ་ཐོག་མར་རྡོ་རྗེ་བྲག་ནས་ཕ་རིག་འཛིན་ཆེན་པོའི་ཆབ་ཤོག །བསྐོ་འཇའ། མང་ཇ། སྣེ་གཞག་བཅས། ལྕགས་ཟམ་ནས་བསྐོ་འཇའ། གནང་སྐྱེས་བྱམས་མགོན་གྱི་གསེར་སྐུ། ས་ཆེན་གྱི་བཀའ་འབུམ་སོགས་ཕོན་ཆེ་བ། གྲྭ་སྤྱི་ཚོགས་མཁན་རིན་པོ་ཆེ། སྡེ་པ་སྟར་གདོང་པ། ཤིང་མངས་སྤྱི་སོ། རྨོར་སྤྱི་སོ་སོགས་སོ་སོའི་མང་ཇ་ཚན་གྲངས་འུར་དེང་ངེ་བ་བྱུང༌། ཁྲི་སྟོན་མང་ཇ་གཉིས་བཀྲས་བཏགས་རེའི་འགྱེད་བཅས་ཕུལ། གཏོར་ཟློག་གི་རྡོ་རྗེ་སློབ་དཔོན་ལ་འོང་དགོས་ཚུལ་ལྟར་བསྙེན་པ་སོགས་ཐེམས་གཤིས་ལག་ལེན་ཕྲ་རགས་ཐམས་ཅད་འཕྲལ་འཕྲལ་དགེ་སློང་བློ་ཤེས་ཀྱིས་ཁྲིད་ནས་ཨོ་ཟོབ་མ་བྱས་པར་ཕྱིན། ཉེར་དགུའི་ཉིན་ཆས་ཞུགས་བྱས། གཏོར་རྟགས་ཀྱང་ལེགས་པར་བྱུང༌། དགོན་པ་གསར་པ་ནས་བཀའ་འགྱུར་བ་ངག་དབང་རབ་བརྟན་ལགས་ཀྱིས་མང་ཇའི་ཐོག་མཐོང་གོས་ཚན་གྲངས་གནང༌། གཏོར་ཟློག་གྲོལ་ནས་ཡར་ལོག །སླར་ཟླ་བ་གསུམ་པའི་ནང་དུ་བསམ་ཡས་