R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༠༣
[A:༡༠༣]མི་མངའ་ཡང༌། ཚུར་མཐོང་དག་གི་སྣང་ངོར་འཁྲུག་ལོང་ཟི་བུན་སྣ་ཚོགས་དེ་དང༌། ལྷག་པར་རྨོར་ཆེན་རྡོ་རྗེ་འཆང་ལྟ་བུ་ལྷར་བཅས་ཀུན་གྱི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་དེར། སྐུ་ཉིད་རང་ངོས་ནས་ཙནྡན་དང་སྟྭེ་འུར་མཚུངས་པས་འོ་བརྒྱལ་གྱི་རྣམ་པ་མི་མངའ་ཡང༌། གཞན་དག་བསོད་ནམས་མ་ཡིན་པ་གསོག་པ་ལ་ཐུགས་ཡིད་ལྷག་པར་འབྱུང་བས། ད་ནི་ལྟག་པ་བྲག་ལ་གཏད་པའི་ཉེ་ལམ་འདི་ལ་བརྟེན་ནས་རྒྱལ་བ་བྲག་ཕུག་པ་དང༌། དབང་ཕྱུག་བཞད་པ་རྡོ་རྗེའི་རྣམ་ཐར་འཁྱོངས་ངེས་པ་ཞིག་མཛད་སྙམ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ལྗགས་ལུང་ཞུ་བར་མཛད་པས། དེ་སྔར་གསན་གྲུབ་ནས་ཡང་བསྐྱར་ཅི་མཛད་གསུངས་པར། དུས་འགྱུར་འདི་དག་ལ་དཔག་འདི་ལ་ཆིག་སྒྲིལ་གྱིས་འདི་བཞིན་བགྱིད་འདོད་ལགས་ཞུས་པས། དེ་འདྲ་གཏན་ནས་མི་ལེགས། དེ་བས་འདི་གསན་པ་འཐད་གསུངས། སྔར་མ་གསན་པའི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་སྲས་མཆོད་ཆོག་གི་ལྗགས་ལུང་ཕྱག་དཔེ་བཅས་སྩལ་བ་གསུང་ཆོས་དངོས་སུ་གསན་པའི་ཐ་མ་ཡིན་པས། རྗེས་སོར་བཀའ་ལས། ཚུལ་དེ་ལོངས་སྤྱོད་ཀྱི་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས། དེའི་རྟེན་འབྲེལ་མཛད་པ་ཡིན་སྣང་བས། དེང་སང་དངོས་པོའི་སྒོ་ནས་ཚོགས་གསོག་དང༌། བསྟན་དོན་ཅུང་ཟད་བགྱིད་རྒྱུ་འོང་བ་འདི་དེ་ཁོ་ནའི་ཐུགས་རྗེར་གདའ་གསུངས། དེ་སྐབས་ཀྱང་དགའ་སྐྱོ་ཟུང་འབྲེལ་ཐུགས་དྲན་མི་གསོས་པ་ལྟ་བུའི་ངང་ནས་སྐྱབས་མགོན་དམ་པ་ཡབ་སྲས་ཞལ་རྒྱས་གནང་ཐུབ་ཙམ་བྱུང༌། རྨོར་ཆེན་རྡོ་རྗེ་འཆང་དེ་ཉིད་གཞི་ནས་སྐུ་ཁམས་མི་དྭངས་པའི་ཁར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ལིའུ་