[A:༡༢༡]གསུམ་དམར་ཆེན་གཏོར་མས་ཕུར་བུར་གཏམས། །ཞེས་གསུངས་པ་ལྟར། ཆོས་སྐྱོང་བའི་སྲུང་མའི་དབང་པོ་རྣམས་འགོ་ཞིང་ཆགས་པར་བྱེད་པའི་ཐབས་མཆོག་སྐུ་གསུང་ཐུགས་དང༌། ཕྱི་ནང་གསང་གསུམ་སོགས་ཀྱི་རྟེན་རྣམས་ཚང་བ་ཞིག་དགོས་པ་རྟེན་འབྲེལ་གྱི་ཆེ་བ་ཡིན་ཞིང༌། ས་སྐྱོང་ཆོས་ཀྱི་རྒྱལ་པོ་དཔོན་བློན་རྣམས་ཀྱང་བྱས་སོ་བའི་མི་ཆོས་ཙམ་གྱིས་རྗེས་སུ་འབྲང་བའི་རྒྱུ་མེད་ཀྱི་འབྲས་བུ་འདོད་པ་རྣམས་དང་མི་འདྲ་བར། དབང་རྣོན་ཆོས་རྗེས་འབྲང་བའི་ཡིད་ཆེས་དང༌། གཏོང་ཕོད་ཀྱི་སྙིང་སྟོབས་དང་བརྩོན་པ་ཕུལ་དུ་བྱུང་བས་ཇི་ལྟར་དགོས་པའི་ཡོ་བྱད་རྣམས་ཀྱང་ཕོངས་པ་མེད་པར་སྩལ་ཞིང༌། རྗེ་བླ་མ་རྣམ་གཉིས་དང༌། བླ་མཆན་དགེ་སློང་ཀུན་དགའ་དཔལ་འབྱོར། མཆོད་དཔོན་དགེ་སློང་ཀུན་དགའ་གྲགས་པ་གཉིས་ཀྱི་ཞབས་འདེགས་བགྱིས་ཏེ། གསང་བའི་རྔ་ཆུང་ཙམ་མ་གཏོགས་རྟེན་ཡོངས་སུ་རྫོགས་པ་རྒྱུ་ཚད་ཚང་ཞིང་ཕུན་སུམ་ཚོགས་པ་རྣམས་ལ་སྒྲུབ་པའང་ནན་ཏན་མཛད། རྣམ་གསུམ་གཏོར་མའི་ཚོགས་ཀྱང་གོང་མའི་ཡི་གེ་དང་མན་ངག་ལས་བྱུང་བ་བཞིན་གཏོར་སྒྲུབ་དང་བཅས་རྒྱས་པར་མཛད། དེ་དག་ལ་སྔགས་འཆང་མགུལ་རྒྱན་དང༌། རྟེན་གྱི་ཞལ་བཞེས་ཐུན་མོང་མ་ཡིན་པ་སོགས་ལ་བརྒྱུད་པའི་མན་ངག་གིས་བརྒྱན་པའི་རབ་ཏུ་གནས་པ་ཐུན་མོང་མ་ཡིན་པའི་ཕྱག་བཞེས་འཁྲུལ་མེད་དུ་མཛད་པ་སོགས། ས་སྐྱོང་ཆོས་ཀྱི་རྒྱལ་པོ་དེ་ཉིད་བསྟན་པ་རིན་པོ་ཆེ་སྤྱི་སྒོས་ཀྱི་ཡོན་བདག་གཞན་དང་མི་འདྲ་ཞིང༌། ཁྱད་པར་རྗེ་ཉིད་ལའང་མི་ཕྱེད་པའི་དད་གདུང་མངའ་བ་སོགས་རྒྱུ་དུ་མས། ཐུགས་ངལ་ཁྱད་དུ་བསད་དེ་ཕྱིས་ཀྱི་སྤྱན་ལྟོས་ལ་ཕན་ངེས་ཤེས་པ་མཛད་པ་ཡིན་ནོ། །འདི་ལོ་ཡོན་