[A:༢༡༧]སྐབས་བླ་བྲང་གཟིམས་ཆུང་ནས་ངོས་མཆེད་ལ་ནང་མཛོད་མེ་ལོང་མ་རེ། སྐུ་གསུང་ཐུགས་རྟེན་ཚར་གཉིས་བཅས་ཕྱག་བདར་དུ་སྩལ་ཞིང༌། ངེད་རང་ལ་དངུལ་གྱི་མཎྜལ། གསེར་སྲང་གང༌། བཟང་གོས་ཀྱི་བླ་རེ་རྒྱ་བཟོ་མ། གོས་ལིང་གི་ཡོལ་བ། རྒྱ་ཕྱིང་དམར་པོའི་སྟན། སྟོད་འགག །ཤམ་ཐབས། འགན་སྦྱར། ལྷྭམ་རྣམས་དང༌། རྒྱན་མཆོག་ལའང་དེ་མཚུངས་ལ་ཤམ་ཐབས་ཀྱི་རྒྱུར་ཐེར་རྒྱུ་གཙང་བུབས་ཟུང༌། ལྷན་དུ་དགུ་ཚན་བཅུ་གསུམ་གྱྀ་མགོར་བརྗོད་བསྡོམས། དངུལ་སྲང་བརྒྱ། གོས་ཡུག་དྲུག། ཇ་འཁོར་དྲུག་གཉིས། རྒུན་ལྟང་གཉིས། ཤིང་འབྲས་ལྟང་གཅིག །ཕོ་རྟ་གཉིས། དྲེའུ་གཅིག །ཁ་བཏགས་རྟགས་བརྒྱད་མ་དགུ་རྣམས་དང༌། མཛོད་པར་ནང་མཛོད་མེ་ལོང་མ། དགུ་ཚན་གསུམ་གྱི་མགོ་བརྗོད། སྟོད་འགག །ལྷྭམ། གོས་ཡུག །ཇ་འཁོར་དྲུག་གཅིག །ཟླ་བོ་དྲག་གྲས་ལ་དགུ་ཚན་གཉིས་དང༌། དངུལ་སྲང་བཅུ། ཇ་འཁོར་དྲུག །བན་ཚང་པར། དགུ་ཚན། ཇ་འཁོར་གསུམ། བྱིང་ལ་ཇ་འཁོར་དྲུག །དགུ་ཚན་བཅས་ཟང་ཟིང་གི་སྦྱིན་པ་བླ་ན་མེད་པའི་བཀའ་དྲིན་སྩལ། བཀྲ་ཤིས་ཆོག་མང་སྐབས་མཛད་པའི་གར་དང་འཆམས་སོགས་བཀའ་དྲིན་བསྐྱངས། ངེད་རང་མཆེད་ལ་འགོལ་མཇལ་ཡང་ཡང་གནང་ཞིང༌། གཙུག་ལག་ཁང་མགོན་ཁང་བཅས་པར་མཆོད་མཇལ། གྲྭ་ཚང་ལ་བསྙེན་བཀུར་བཅས་ཞུས་ཤིང༌། ཁྱད་པར་མགོན་ཁང་ཆེན་མོར་ངོས་མཆེད་ཀྱིས་ཟླ་མཇུག་དུས་གཏོར་མཆོད་གཏོར་གཟབས་བཤམ་བཅས་བགྱིས་ཏེ། བླ་མ་མགོན་པོ་དབྱེར་མེད་ཀྱིས་རྗེས་སུ་འཛིན་པ་དང༌། སྙན་བརྒྱུད་ཀྱི་བསྟན་པ་དར་བའི་ཕྲིན་འཆོལ་ཞུས་