R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༢༣
[A:༢༢༣]དག་བཀའ་དྲིན་བསྐྱངས་ཤིང༌། མ་འགྱངས་པར་ངེད་རང་ལ་དཔལ་ས་སྐྱའི་ཆོས་སྲིད་འཛིན་སྐྱོང་གི་བཀའ་སློབ་བོད་ཡུལ་ཆེ་གྲྭ་ཕལ་ཆེར་གྱིས་མཛད་པ་དང༌། ཁྱད་པར་རྣམས་འདྲེན་དམ་པ་འདི་ཉིད་དང་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གཉིས་ནས་བློ་རྨོངས་བདག་ཅག་ལ་ཞིབ་གསེད་ཀྱི་བཀའ་སྩལ་ཏེ། ཡང་ཏིག་དཔལ་ས་སྐྱའི་གོང་མ་རྡོ་རྗེ་འཆང་དང་ཞལ་མི་གཉིས་པ་དེ་དག་གི་ཐུགས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་འགྲུབ་པ་ཞིག་བྱུང་ན་ཅི་མ་རུང་དགོངས་པའི་ཐུགས་བསྐྱེད་ཁོ་ནས་རང་གཞན་བསྟན་འགྲོ་ཡོངས་ལ་དགེ་བའི་བསླབ་བྱ་ཡང་དག་པར་སྩལ་བའི་བཀའ་ཤོག་རིན་པོ་ཆེ་ད་ལྟ་ལག་ཡོད་འདི་རྣམས་དཔྱོད་ལྡན་གྱིས་མཐོང་ཚེ་དད་འདོད་ཡིད་ཆེས་ཀྱི་མོས་པ་དབང་མེད་དུ་སྐྱེ་བར་འགྱུར་རོ། །དེ་ནས་སུམ་ལྡན་རྡོ་རྗེ་འཛིན་པ་བློ་བཟང་བསོད་ནམས་དེ་ཉིད་ཀྱི་དྲུང་ནས་རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་བཀའ་འབུམ་འཕྲོ་རྣམས་གསན་བཞེད་དང༌། ལྷག་པར་བསྟན་པ་ཡོངས་རྫོགས་ཀྱི་མགོན་དུ་གྱུར་པ་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེའི་མཇལ་ཕྱག་སོགས་ལ་ལྷ་ལྡན་དུ་ཆིབས་བསྒྱུར་ཞིང་ཕེབ་ལམ་དུ་བསམ་ཡས་སུ་རབ་བྱུང་གྲྭ་ཚང་གིས་གདན་དྲངས་ཏེ་ཆོ་ག་དང་འབྲེལ་བའི་ཞབས་བརྟན་འབུལ་ནོད་རྒྱས་པར་ཞུས། ཁྲོམ་དབང་དང་མང་འགྱེད་ཀྱང་སྩལ། རྡོ་རྗེ་འཛིན་པ་བློ་བཟང་བསོད་ནམས་དྲུང་དེ་ཉིད་ལ་སྒེར་གཞུང་དུ་མའི་རིམ་གྲོ་མང་པོ་མཛད་དགོས་མུར་བྲོ་འཚལ་བ་ཇེ་ལོད་ཀྱི་མཐར་གཤེགས་པས་བཀའ་ཆོས་གསན་པའི་གེགས་སུ་གྱུར། ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེའི་མཇལ་ཕྱག་ཀྱང་ཆེ་རྒུ་གཞན་གྱིས་མཇལ་ཕྱག་རྣམས་གྲུབ་མཚམས་སུ་གནང་བཞེད་ལ་