[A:༢༨༨]དཀའ་བས། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་བླ་མ་དམ་པའི་ཞབས་དྲུང་དུ་སྐྱེས་ཏེ། རྣམ་ཀུན་དོན་ཡོད་ཀྱི་བགྱི་བས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་ཞིག་བྱིན་གྱིས་བརླབ་ཏུ་གསོལ། དེ་དག་གི་དོན་བསྡུ་ན། ཚོགས་གཉིས་ཟུང་འཇུག་སྣང་བ་འགོག་མེད་དུ། །ཤར་བས་སྐུ་གསུང་ཐུགས་རྟེན་དགེ་རྒྱུན་བཅས། །མི་ཉམས་དབྱར་མཚོ་ལྟ་བུར་རྒྱས་པར་མཛད། །གནས་གསར་འཇམ་མགོན་ཀུན་བཟང་ཐུགས་བསྐྱེད་ཡིན། །ཞེས་སོ། །དེ་ལྟར་བདག་ཅག་གི་རྣམ་འདྲེན་དམ་པ་དེ་ཉིད་ནི། རེ་ཞིག་གངས་ལྗོངས་ལྔ་བདོའི་འགྲོ་བ་རྣམས་བསོད་ནམས་ཟད་པ་དང༌། གདུལ་བྱའི་དབང་གིས་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་མོད་ཀྱང༌། མཆོག་གི་སྤྲུལ་པའི་སྐུ་མྱུར་དུ་འབྱོན་པར་ཞལ་གྱིས་བཞེས་ཤིང༌། དེར་མ་ཟད་རང་གི་དད་པས་མ་བསླུས་ན་དངོས་ཉམས་རྨི་ལམ་སོགས་སུའང་ད་ལྟའི་སྐུ་ཕྲེང་འདི་ཉིད་ཀྱི་རྣམ་པ་ཇི་ལྟ་བ་བཞིན་དུ་ཕེབ་ནས་རྗེས་སུ་འཛིན་པ་ཞིག་སྟེ། བཀའ་འབངས་ཀྱི་ཐ་ཤལ་ཟ་ཉལ་འཆག་པ་ཁོ་བོ་ལའང༌། སྔོན་དུ་རང་ལོ་ཉེར་གཉིས་སྐབས་རྨི་ལྟས་ངོ་མཚར་ཅན་དེ་བཞིན་གྱུར་པ་དང༌། ཞིང་ཁམས་བརྗེས་ནས་ལྕགས་འབྲུག་ཁྲུམས་ཟླའི་ཚེས་གསུམ་ཐོ་རེངས་ཁར་རྨི་ལྟས་སུ་གནས་གསར་རྡོ་རྗེ་འཆང་དཔོན་གཡོག་ཚང་མ་ས་སྐྱའི་བླ་བྲང་ཕུན་ཚོགས་གླིང་གི་དབང་ཁང་ན་བཞུགས་འདུག་པར་ངེད་རང་ནས་མཇལ་ཏེ། ལྷ་ཁང་རྩེའི་ག་ཡ་དྷ་རའི་བུམ་ཆུའི་སྣོད་ལ་སྐྱོན་བྱུང་ཚུལ་དེ་ཞུས་སོང་བར་སྐྱོན་མེད་འགྲོ་གསུངས་ཤིང༌། རྗེ་ཉིད་ལ་དགོངས་རྫོགས་འབུལ་རྟེན་ཡིན་སྙམ་པའི་ཁྱད་གོས་ཁོ་ན་ཕོན་ཆེ་བ་འབུལ་ཉམས་དང༌། ཞབས་གྲས་སྦྱིན་པ་རྒྱ་མཚོ་ཡིན་སྙམ་པ་ཞིག་གིས་ཡིག་བརྒྱ་མཚལ་ཐམ་