R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༨
[A:༢༨]པོ་ནི། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དབུའི་བླ་མཆོད་མཁན་པོ་བོ་དྷི་ས་ཏྭ་ལས་སོ་ཐར་གྱི་སྡོམ་པ་ཐོབ་པ་དགེ་སློང་ནམ་མཁའི་སྙིང་པོ་ལ་སོགས་པ་མི་ལྔ་བྱུང་བ་གསེར་ཕྱེ་བྲེ་རེ་དང་བཅས་རྒྱ་གར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཚོལ་དུ་མངགས་པར་མཛད་པ་བཞིན་ཕེབ་སྟེ། གྲུབ་ཐོབ་སུ་ཡོད་དྲིས་པས། རོ་ལངས་བདེ་བ་དང་ཧཱུྃ་ཀཱ་ར་བཞུགས་ཟེར་བ་བཞིན། ཐོག་མར་རོ་ལངས་བདེ་བའི་དྲུང་དུ་བྱོན་པས་དེས་བོད་འདུལ་བའི་དུས་ལ་མ་བབས། རྒྱལ་པོ་ཀུ་ཀུ་རཱ་ཛར་ཆོས་ཞུས་གསུངས། དེ་ནས་རིམ་བཞིན་གསེར་བྲག་བྱ་སྐྱིབས་ཚལ་ན་ཧཱུྃ་ཀཱ་ར་བཞུགས་པ་དེ་རྩེ་རྒོད་ནག་པོ་ཞེས་བྱ་བ་ཞིག་གིས་བསྟན་ཏེ་སྐུ་མདུན་དུ་ཐལ་གྱིས་བྱོན་པས། ཐུགས་ཁྲོས་ནས་བོད་ཀྱི་སྡུག་འདྲེ་སླེབ་བྱུང་ཧཱུྃ་ཧཱུྃ་གསུང་ཞིང་ཤངས་ནས་མེ་སྟག་ཚ་ཚ་འཕྲོས་པས་དགེ་སློང་མི་ལྔ་དྲན་མེད་དུ་བརྒྱལ། ནམ་མཁའི་སྙིང་པོ་ཐོག་མར་ཐུགས་དྲན་གསོས་ཏེ། བདག་རྣམས་འདྲེ་མིན། བོད་རྒྱལ་པོས་ཆོས་འཚོལ་དུ་བཏང་བ་ལགས་པས། ཚེ་འདི་ཉིད་ལ་རིག་འཛིན་གྱི་སར་འགྲོ་བའི་ཆོས་གནང་དགོས་ཞུས་ནས་གསེར་རྣམས་ཕུལ་བས། སློབ་དཔོན་གྱིས་ངས་བོད་འདུལ་བའི་དུས་ལ་བབ་མིན་ལྷ་ལ་འདྲིའི་གསུངས་ནས། དར་ཅིག་དགོངས་པར་བཞུགས་ནས་དུས་ལ་བབས་འདུག་པས། གསང་སྔགས་བཤད་སྒྲུབ་བྱེད་པ་ལ་དབང་ཐོབ་དགོས་གསུངས་ནས། དཔལ་ཆེན་ཡང་དག་གི་དབང་བསྐུར། དེའི་བསྐྱེད་རྫོགས་ཀྱི་མན་ངག་ལས་ཚོགས་དང་བཅས་པ་གནང་བས། མི་ལྔའི་ནང་ནས་ནམ་མཁའི་སྙིང་པོ་སྐུ་བསོད། ཐུགས་རབ། ཐུགས་རུས་རྣམས་ཕུལ་དུ་ཕྱིན་པས་ས་ལ་ཕྱག་གང་ཙམ་མ་རེག་པར་གཤེགས་