R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༩༠
[A:༢༩༠]ཆེའི་མདུན་གྱི་སྤང་རི་དེ་ན་ཡར་རྗེ་བླ་མ་ན་བཟའ་གཟབས་འཕྱོར་གྱིས་ཕེབ་པའི་ཕྱག་ན་དར་ཕོན་དང༌། རྡོར་དྲིལ་སྤུས་ལེགས་ཤིག་བསྣམས་ཏེ་ཕེབ་པའི་རྗེས་སུ་མཁན་ཆེན་རང་ཡང་འབྱོན་ཀྱིན་འདུག་པ་ལ་ཕྱིར་བལྟས་སུ་གཟིགས་ཏེ། རྡོར་དྲིལ་དེ་གནང་བ་ན་དགེས་ཚོར་ཆེན་པོ་བྱུང་བ་དང༌། གྲོང་ཆེན་གདན་ས་འཛིན་དགོས་ཀྱི་སྣེ་སྦྱོར་འོང་རྒྱུའི་སྔ་དྲོའི་མནལ་ལྟས་སུ་རྣམ་འདྲེན་དམ་པ་དེ་ཉིད་མདུན་གྱི་ནམ་མཁར་བཞུགས་ཏེ་གདུང་བའི་དབྱངས་ལྷང་ལྷང་གསུང་བ་སྙམ་བྱེད་པ་སོགས་མནལ་ལྟས་ངོ་མཚར་ཅན་ཁ་རེ་བྱུང་འདུག་པ་དང༌། ཡང་རྫོང་རི་རབ་འབྱམས་པ་ཕྲིན་ལས་ལ་ཞལ་བཞུགས་སྐབས་རྨི་ལྟས་སུ། རྗེ་འདི་གྲོང་ཆེན་བླ་བྲང་ཕུའི་གཟིམས་ཆུང་ན་བཞུགས་ནས་བཀའ་ཆོས་ཤིག་གནང་རྒྱུ་ཡིན་སྙམ་པ་ལ། གཟིམས་ཆུང་མདོ་ན་ཆོས་ཞུ་བ་ཚོགས་པའི་ཁྲོད་དུ་བྱོན་ཏེ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ལ་བསྲུང་བ་འདྲ་བ་ཞིག་དང་མཉམ་དུ་སྡོམ་འདྲ་བའི་སེམས་ཅན་གསུམ་གནང་བ་ཁྱུར་མིད་བྱས་པ་ཞིག་དང༌། ངེད་རང་ནས་རྣམ་ཐར་ཟིན་བྲིས་ཤོག་དྲིལ་སྟོན་རྒྱུར་བསྐུར་བའི་ཞག་གསུམ་ཙམ་ནས་རྫོང་རི་བླ་བྲང་གི་ནུབ་སྒོའི་ཐད་ཀྱི་བར་སྣང་ལ་རྗེ་དེ་ཉིད་ཁྲི་སྟེང་དུ་ཞལ་ཤར་གཟིགས་དང༌། དེ་འོག་དགེ་འདུན་ཁ་ཤས་བཅས་འདུག་པར་བཟང་སྤྱོད་ཡན་ལག་བདུན་པའི་ཤྭ་ལོ་ཀ་རེ་རེ་ལ་བསྐུལ་མཚམས་རེ་ཡོད་པ་བསྐུལ་བར་གནང་བ་ཞིག་ཤར་འདུག་པ་བཅས། ཚུལ་དེ་ལྟ་བུའི་སྒོ་ནས་ཀྱང་གདུལ་བྱ་རྣམས་རྗེས་སུ་འཛིན་པར་མཛད་དེ། དེ་ལྟར་བདག་ཅག་གི་དྲིན་ཅན་རྩ་བའི་བླ་མ་དམ་པ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཐེག་མཆོག་བསྟན་