R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༩༥
[A:༢༩༥]གཤེགས་ཤིང་དེ་ལས་ལོ་བརྒྱད་ཀྱིས། །གཞོན་པ་རྡོ་རྗེ་འཆང་དབང་རྨོར་ཆེན་རྗེ། །ཤིང་རྟར་འཁྲུངས་ཤིང་དོན་ལྔ་ས་སྤྲེལ་གཤེགས། །དེ་ལས་གཉིས་ཀྱིས་གཞོན་པ་ས་སྐྱ་པ། །ཀུན་དགའ་བཀྲ་ཤིས་མེ་ཕོ་སྤྲེལ་ལོར་འཁྲུངས། །ང་དྲུག་ལྕགས་མོ་ཡོས་ཀྱི་ལོ་ལ་གཤེགས། །དེ་ལས་སོ་ལྔས་གཞོན་པ་བྲག་རྩ་རྗེ། །ལྕགས་ལུག་འཁྲུངས་ཤིང་ང་ལྔ་ཤིང་གླང་གཤེགས། །དེ་ལས་བཅུ་གསུམ་གྱིས་གཞོན་གནས་གསར་རྗེ། །ཤིང་སྤྲེལ་འཁྲུངས་ཤིང་ང་བདུན་ལྕགས་འབྲུག་གཤེགས། །དེ་ལས་གཅིག་གིས་གཞོན་པའི་དྲིན་ཆེན་རྗེ། །རྡོ་རྗེ་འཆང་དབང་བསོད་ནམས་རིན་ཆེན་ཞབས། །ཤིང་བྱར་འཁྲུངས་ཤིང་སོ་བདུན་ལྕགས་བྱར་གཤེགས། །དེ་ནས་ལོ་གྲངས་ཉེར་གསུམ་འདས་པ་ཡི། །ཉེར་བཞི་ཤིང་བྱར་ཁོ་བོས་འདི་བརྩམས་སོ། །དེས་ན་ཐུབ་དབང་མྱ་ངན་འདས་ནས་ལོ། །སུམ་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་བརྒྱད་འདས། །དཔལ་ལྡན་ས་སྐྱ་བཏབ་ནས་དྲུག་བརྒྱ་དང༌། །དགུ་བཅུ་གོ་གཉིས་འདས་ལོ་འཁྲུལ་མེད་ཡིན། །བླ་མའི་གདན་ས་གསང་ཆེན་སྨྲ་བའི་གནས། །བཀྲ་ཤིས་ཆོས་སྡེ་ལྕགས་ཡོས་བཏབ་ནས་ལོ། །བརྒྱ་དང་དོན་བཞི་འདས་ཤིང་དོན་ལྔ་པ། །ས་སྐྱོང་ཞེས་པ་ཤིང་བྱ་ལོ་འདིའོ། །ཐུབ་བསྟན་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། །འབྲས་སྒྲུབ་དུས་ཀྱི་ལྔ་བརྒྱ་ཕྲག་དྲུག་དང༌། །ལུང་དུས་ལྔ་བརྒྱ་ཕྲག་བདུན་མངོན་པར་འདས། །ལྔ་བརྒྱ་ཕྲག་བརྒྱད་མདོ་སྡེ་སྤྱོད་སྟེང་ནས། །ལོ་གྲངས་སུམ་བརྒྱ་གོ་བརྒྱད་འདས་ཟིན་པས། །ཀྱེ་མ་ད་ནི་རྣམ་དག་བསྟན་པའི་རྒྱུན། །མདོ་འཕྲོས་བརྒྱ་གཅིག་ལྔ་བརྒྱ་ཕྲག་དགུ་པ། །འདུལ་བའི་དུས་